您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་གཉིས་པའི་ཚེས ༢༦ ཉིན་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་པས་ས་གནས་གང་སར་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་རྣམ་པས་ཁེངས་པ་དང་ཚ་ཚ་འུར་འུར་ངང་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སའི་སྒོ་རྩིས་ཚོང་ཁང་ཁག་དང་སྡེབ་ཚོང་ཁྲོམ་ར་ཁག་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པ་དང་བསྟུན། སྣ་མང་ཕུན་སུམ་ཚོགས་པའི་ཟླ་དང་པོའི་བཅོ་ལྔའི་དུས་ཆེན་ཟས་རིགས་དང་དངོས་པོ་སོགས་གཅིག་སྡུད་བསྒྲིགས་ཏེ་གྲོང་མི་མང་ཚོགས་ཚོས་འདེམས་ཉོ་བྱེད་པར་སྟབས་བདེ་གང་ལེགས་སྐྲུན་ཡོད།།