您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྐད་གྲགས་ཆོད་པའི་ནས་ཆང་གྲོང་ཚོ་སྟེ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། གྲོང་ཚོ་དེས་ཉེ་ཆར་སླར་ཡང་ཡུལ་སྐོར་བ་མི་གྲངས ༡༤༢ ཡོད་པའི་ཡུལ་སྐོར་ཚོགས་པ་ཞིག་བསུས་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་འཕྱོངས་རྒྱས་རྫོང་གིས་ཆང་ཁྱིམ་གྲོང་ཚོར་མ་དངུལ་སྒོར་ཁྲི ༣༢༠༠ བཏང་ནས། ལོ་རྒྱུས་ལྡན་པའི་རང་བྱུང་གི་རྣམ་པ་རྒྱུན་འཁྱོངས་བྱས་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་ཚོའི་རྣམ་པར་རིམ་སྤོར་བཅོས་སྒྲིག་བྱས་པ་མ་ཟད་ཡུལ་སྐོར་མཉམ་ལས་ཁང་ཡང་བཙུགས་ཏེ། མང་ཚོགས་ཚོས་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད།
ན་ནིང་ཟླ་བ་ལྔ་པར་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་དུད་ཚང་ ༣༦ ཡོད་པའི་ཆང་ཁྱིམ་གྲོང་ཚོའི་གྲོང་མིས་ཡུལ་སྐོར་བ་མི་ཐེངས ༣༠༠༠ ལྷག་ཙམ་ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི ༢༦.༧ ཟིན་ཡོད་ལ། ལོ་དེར་ཆ་སྙོམས་དུད་ཚང་རེར་འབབ་འཕར་སྒོར ༧༢༠༠ ཙམ་བྱུང་ཡོད་པ་མ་ཟད། ནད་ཆང་སོགས་ཡུལ་སྐོར་ཐོན་རྫས་བྲིན་ཚོང་བྱས་པས་ཁྱོན་ཡོང་འབབ་སྒོར་ཁྲི ༡༩ ལྷག་ཙམ་ཟིན་ཡོད།།