བྱང་ཆུབ་ཆོས་འཕེལ་སྒེར་གྱི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-06-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མངོན་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད།  དུས་ཡུན་ཉིན་ལྔའི་སྨན་ཐང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་བྱང་ཆུབ་ཆོས་འཕེལ་སྒེར་གྱི་བརྩམས་ཆོས་འགྲེམས་སྟོན།  སོར་མོའི་འཁྱུག་འགྲོས་ཞེས་པ་ཉེ་དུས་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་བརྩམས་ཆོས ༣༥ འགྲེམས་སྟོན་བྱས་ཡོད།

འགྲེམས་སྟོན་བྱ་ཡུལ་དུ་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭ་ནས་ཡིན་པའི་སློབ་མ་རྒྱལ་པོ་ནས།  དགེ་རྒན་བྱང་ཆུབ་ཆོས་འཕེལ་གྱི་ཐང་གའི་རི་མོ་ཧ་ཅང་ཞིབ་ཚགས་ལ་རྣམ་པར་བཀྲ་བ་ཞིག་ཡོད་པ་མ་ཟད།  ཐང་གའི་ཐོག་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་ཁམས་སོགས་ཀྱི་གཞི་རྒྱུ་ཡང་ཡོད་པས།  ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་འདུག་ཅེས་བཤད།

བྱང་ཆུབ་ཆོས་འཕེལ་ནས།  སྨན་ཐང་ལུགས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཐང་གའི་མངོན་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་རྒྱུ་ནི་ང་ཚོའི་འོས་འགན་རེད་ལ།  འགྲེམས་སྟོན་འདི་རིགས་ཀྱིས་ང་ཚོར་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་བཟང་པོ་མཁོ་འདོན་བྱས་པ་དམ་འཛིན་བྱས་ཏེ་ཐུན་མོང་ཐོག་ཐང་གའི་འབྲི་རྩལ་བྱང་ཆུབ་ཏུ་གཏོང་རྒྱུ་ནི་ང་ཚོའི་ལས་འགན་ཀྱང་རེད་ཅེས་གསུངས།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]