ཧྲང་ཧེ་ཟློས་གར་སློབ་གླིང་གི་བོད་ལྗོངས་འཛིན་གྲྭའི་སློབ་ཐོན་པས་ལྷ་སར་གཏམ་བརྗོད་ཟློས་གར་ཧམ་ལེ་ཀྲི་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-07

ཧྲང་ཧེ་ཟློས་གར་སློབ་གླིང་གི ༢༠༡༧ ལོའི་འཁྲབ་སྟོན་ཚན་ཁག་གི་བོད་ལྗོངས་འཛིན་གྲྭའི་སློབ་ཐོན་པ་རྣམས་ཀྱིས་སྤྱི་སྐད་པར་གཞིའི་གཏམ་བརྗོད་ཟློས་གར་ཧམ་ལེ་ཀྲི་སྤྱི་ཟླ་བརྒྱད་པའི་ཚེས ༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ལྷ་མོ་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་པ་དང་།  འཁྲབ་ཚན་གྱི་འགོ་བྱ་དེ་འཁྲུངས་འཁྲུངས་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་ཕྱོགས་ལ་མི་འགྲོ། །ལི་ཐང་སྐོར་ནས་སླེབས་ཡོང་ཞེས་པའི་སྙན་འཇེབས་ཀྱི་གླུ་སྒྲའི་ཁྲོད་དུ་ཚུགས།  དེའི་ཕྱི་ཉིན་གྱི་ཆུ་ཚོད་གཅིག་པའི་སྟེང་ཧམ་ལེ་ཀྲི་ཞེས་པ་དེ་བོད་སྐད་ཐོག་ནས་འཁྲབ་སྟོན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  འཛིན་གྲྭ་དེའི་སློབ་མཐར་ཕྱིན་པའི་འཁྲབ་སྟོན་ཧམ་ལེ་ཀྲི་ད་ལོའི་སྤྱི་ཟླ་ལྔ་པར་ཧྲང་ཧེ་ཟློས་གར་སློབ་གླིང་གི་ཚོད་ལྟ་ཟློས་གར་ཁང་དུ་འཁྲབ་པ་དང་།  སྤྱི་ཟླ་བརྒྱད་པའི་ཚེས ༣ ཉིན།  འཁྲབ་ཁྲིད་པ་བུའུ་ཚུན་ཤིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ལོག་ནས་སླར་ཡང་འཁྲབ་སྟོན་བྱས་པ་དེའང་འཛིན་གྲྭ་འདིའི་སློབ་མ་རྣམས།  ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་དངོས་སུ་ལས་ཞུགས་བྱས་རྗེས་ཀྱི་འཁྲབ་སྟོན་ཐོག་མ་དེར་གྱུར་ཡོད། 

གར་སྟེགས་ཐོག་གི་ངོ་མཚར་འཁྲབ་སྟོན་ལ་ལྟད་མོ་བའི་བསྔགས་བརྗོད་ཡང་ཡང་ཐོབ་ཡོད།  ལྟད་མོ་བ་ཀྲའུ་དབྱི་ཅཱ་ནས།  དེ་རིང་ང་ཆེད་མངགས་ཕུལ་བྱུང་གི་གཏམ་བརྗོད་ཟློས་གར་འདི་ལྟ་རུ་ཡོང་བ་ཡིན།  འཁྲབ་ཚན་འདིའི་ནང་བོད་པའི་དམངས་གཞས་དང་སྲོལ་རྒྱུན་ཞབས་བྲོ་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆ་མི་ཉུང་བ་ཞིག་མཐོང་རྒྱུ་འདུག་པས།  རྣམ་པ་འདི་ལྟ་བུའི་ཐོག་ནས་འཁྲབ་སྟོན་བྱས་པ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་ལ་ཧ་ཅང་ལྟ་རིན་ཆོག་པ་ཞིག་ཀྱང་རེད་བསམ་གྱི་འདུག་ཅེས་བཤད།།

  ༼  ཡིག་བསྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]