བོད་ལྗོངས༡༢༣༥༥གཞོན་ནུ་ལོ་ཆུང་ཞབས་ཞུ་སྟེགས་བུས་ཉིང་ཁྲི་རི་ལིའི་བབས་ཚུགས་སུ་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-25

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་།  བོད་རང་སྐྱོང་ལྗོངས ༡༢༣༥༥ གཞོན་ནུ་ལོ་ཆུང་ཞབས་ཞུ་སྟེགས་བུ།  ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་བབས་ཚུགས་སྡེ་ཨུད་བཅས་ཀྱིས་ཉེ་དུས།  མཉམ་འབྲེལ་ཐོག་ཉིང་ཁྲི་རི་ལིའི་བབས་ཚུགས་སུ་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་བྱེད་སྒོ་སྤེལ་བ་རེད།  ཉིང་ཁྲིར་ཡོད་པའི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་འཁོར་ཁང་དང་ཉིང་ཁྲི་བབས་ཚུགས་ཀྱི་གཞོན་ནུ་ལས་དོན་པ ༢༠ ལྷག་བྱེད་སྒོའི་ནང་ཞུགས་ཡོད།

བྱེད་སྒོའི་ཁྲོད།  བོད་རང་སྐྱོང་ལྗོངས ༡༢༣༥༥ གཞོན་ནུ་ལོ་ཆུང་ཞབས་ཞུ་སྟེགས་བུས་རང་ལྗོངས་ཀྱི་སེམས་ཁམས་རིག་པ་མཁས་ཅན་གདན་ཞུ་བྱས་ནས།  གཞོན་ནུ་ལས་དོན་པའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་ལ་གཞིགས་ཏེ།  སེམས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་སྒོ་སྤེལ་བ་དང་།  རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་བསམ་ཚུལ་ཉན་ནས་ཁོ་ཚོའི་འཚོ་བ་དང་ལས་ཀའི་ཁྲོད་དུ་བྱུང་བའི་སེམས་པའི་རྡོག་ཁྲེས་ཞི་འཇགས་ཐུབ་པ་དང་།  ཁོ་ཚོས་སེམས་ཁམས་དོ་དམ་དང་སེམས་པ་ལྷོད་ལ་འབབ་པའི་ཐབས་ཤེས་རྟོགས་ཐུབ་པ་བྱས་ནས།  སེམས་ཁམས་བདེ་ཐང་གི་འགོག་སྲུང་ནུས་པ་ཆེ་རུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་རང་སྐྱོང་ལྗོངས ༡༢༣༥༥ གཞོན་ནུ་ལོ་ཆུང་ཞབས་ཞུ་སྟེགས་བུ་ནི།  རང་ལྗོངས་ཀྱིས་གུང་གཞོན་སྡེ་ཚོགས་ཀྱི་ཁེ་དབང་ཞབས་ཞུ་གཅིག་བསྡུས་ཐོག་གཉེར་སྒྲུབ་བྱེད་ས་སྐྲུན་པ་ཞིག་ཡིན།  སྟེགས་བུ་དེས་གཞོན་ནུ་ལོ་ཆུང་གི་སེམས་སྒྲ་ཉན་རྒྱུ་དང་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ།  འཚར་ལོངས་ཐད་ལྟ་སྐྱོང་བྱེད་རྒྱུ་བཅས་དང་།  གཞོན་ནུ་འཕེལ་རྒྱས་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཅེས་པ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ།  ཐད་སྦྲེལ་ཁ་པར་བཙུགས་པ་དང་གྱོད་གཞི་ཐག་གཅོད་བྱེད་པ།  ལས་སྒོ་བརྒྱུད་སྤྲོད་བྱེད་པ་བཅས་མ་ཟད།  སེམས་ཁམས་ཆེད་མཁས་དང་བཅའ་ཁྲིམས་ཆེད་མཁས།  གཞོན་ནུ་དང་བླངས་པ།  ཆེད་ལས་སྤྱི་ཚོགས་ལས་དོན་དཔུང་ཁག་བཅས་ལས་གྲུབ་པའི་ཚོགས་པ་ཞིག་ཀྱང་ཡིན་པས།  གཙོ་གནད་ཐོག་སེམས་ཁམས་འདྲི་རྩད་དང་ཁྲིམས་ལུགས་རོགས་སྐྱོར།  ཁེ་དབང་སྲུང་སྐྱོབ་བཅས་ཀྱི་ཞབས་ཞུ་རིགས་གསུམ་སྒྲུབ་ཀྱི་ཡོད།  ཆེད་ལས་ཀྱི་དྲ་ཐོག་དང་དྲ་མིན་གཉིས་ཀྱི་ཞབས་ཞུའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ།  གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཀྱི་དགོས་མཁོ་དང་གུང་གཞོན་སྡེ་ཚོགས་ཀྱི་ཞབས་ཞུ་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ནས།  གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་དོན་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཞབས་ཞུའི་ས་ཚིགས་བཙུགས་ཏེ།  རང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པ་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]