རྫོང་རྒྱབ་ཀླུ་ཁང་དུ་ལོ༧༠རིང་གི་འཕོ་འགྱུར་མངོན་པའི་པར་རིགས་འགྲེམས་སྟོན་བྱེད་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-27

བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་པར་རིས་ཁང་གིས་གཙོ་གཉེར་བྱས་པ་དང་།  ཀྲུང་གོ་པར་རིས་ཁང་གི་ལས་དོན་ཁང་དང་པོ་དང་༼ འཛམ་གླིང་པར་རྒྱག ༽དུས་དེབ་ཁང་།  ཤིན་ཧྭ་གསར་འགྱུར་ཁང་གསར་འགྱུར་ཆ་འཕྲིན་ལྟེ་གནས་ཀྱི་བོད་ལྗོངས་ཡན་ལག་ལྟེ་གནས་བཅས་ཀྱིས་གཉེར་འགན་ཁུར་བའི།  བོད་ཀྱི་ལོ ༧༠ ཞེས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིགས་འགྲེམས་སྟོན།  སྤྱི་ཟླ་བརྒྱད་པའི་ཚེས ༢༥ ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་བྱེད་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  དུས་ཡུན་གཟའ་འཁོར་གཅིག་རིང་རྒྱུན་མཐུད་རྒྱུའི་འགྲེམས་སྟོན་བྱེད་སྒོ་འདི་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞེས་པ་དང་།  དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཞེས་པ་ཁག་གཉིས་སུ་དབྱེ་སྟེ།  དུས་ཚོད་དཀྱུས་སུ་བཟུང་ནས་པར་ལེན་བརྩམས་ཆོས ༢༠༠ བདམས་པ་བརྒྱུད་ལོ ༧༠ ཡི་རིང་གི་རང་ལྗོངས་ཀྱི་འོད་སྟོང་འཕྲོ་བའི་འཛུགས་སྐྲུན་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ།    དེ་བཞིན་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།  གསོན་ཉམས་དོད་པའི་པར་རིགས་དེ་དག་ཐོག་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་མི་ཚེའི་ཉམས་མྱོང་དང་དུས་རབས་ཀྱི་དྲན་འཆར་འདུས་ཡོད་ལ།  གནམ་ས་བླ་འོག་འགྱུར་བ་ལྟ་བུའི་དུས་རབས་ཤིག་ཡིན་པ་མངོན་ཐུབ་པ་མ་ཟད།  ས་མཐོའི་བུ་ཕྲུག་ཚོའི་མདུན་སྐྱོད་ཀྱི་ལམ་བུ་ཞིག་ཀྱང་ཡིན་པ་མངོན་ཐུབ།།

  ༼  ཡིག་བསྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]