སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས་རྒན་གསོ་ཁང་དུ་གཅེས་སེམས་ཕུལ་བའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-27

རྒན་རྒོན་ལ་སྲི་ཞུ་ཡག་པོ་སྒྲུབ་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དེ་དར་སྤེལ་གཏོང་ཆེད།  ཉེ་ཆར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ།  རྫོང་རྒན་གསོ་ཁང་དུ་གཅེས་སེམས་ཕུལ་བའི་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོའི་ནང་ཉེན་རྟོག་པ་ཚོས་ལས་བགོས་ཁ་གསལ་བརྒྱབ་སྟེ་གཙང་སྦྲ་བྱེད་ཞོར་དུ་རྒན་རྒོན་ལ་འཕུར་མཉེད་གཏོང་རོགས་དང་།  རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་སོགས་བྱས་པས་རྒན་གསོ་ཁང་དུ་སྤྲོ་སྣང་གི་རྣམ་པས་ཁེངས་པ་མ་ཟད།  མི་དམངས་སྤྱི་བདེའི་གཅེས་སེམས་དང་དྲོ་སྐྱིད་རྒན་རྒོན་ཚོའི་སེམས་ནང་ཚོར་ཐུབ་པ་ཡང་བྱུང་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]