རང་ལྗོངས་སུ་སྐྱེལ་འདྲེན་ཐབས་ལམ་སྣ་ཚོགས་ཚུད་པའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་རིམ་བཞིན་འཛུགས་རྒྱུ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-29

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་།  རང་ལྗོངས་ཀྱིས་གཞུང་ལམ་དང་ལྕགས་ལམ།  མཁའ་ལམ།  ཕུག་ལམ་སོགས་སྐྱེལ་འདྲེན་ཐབས་ལམ་སྣ་ཚོགས་ཚུད་པའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་རིམ་བཞིན་འཛུགས་རྒྱུ་དང་།  དེའི་ནང་ནས་ཁྱོན་རིང་ཚད་སྤྱི་ལེ ༦༧.༢༢ ཡོད་པའི་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར ༢༠.༡༥ བཏང་བ་དང་།  བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཡར་རླུང་གཙང་པོའི་གྲོག་རོང་ཆེ་མོར་ལྟ་སྐོར་དང་སྤུས་ལེགས་ཞིང་ཟོག་ཐོན་རྫས་བྲིན་འཚོང་གི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས།  ས་གནས་དེ་གའི་ཡུལ་སྐོར་དང་ཚོང་ལས།  ཞིང་འབྲོག་ལས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་མ་ཟད།  ལམ་རྒྱུད་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཡང་ཐོན་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]