ལོ་ལེགས་ཀྱི་གླུ་དབྱངས་ས་མཐོའི་ས་གཞི་ཆེ་མོར་གྲགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-15

སྟོན་ཀའི་ནམ་དུས་ཤར་བ་དང་བསྟུན་ལོ་ཏོག་སྨིན་ནས་གསེར་མདོག་ཅན་གྱི་སྙེ་མགོའི་བཀྲག་མདངས་ཉི་ཟེར་འོག་ཏུ་དེ་བས་འཚེར་ཞིང་།  ས་མཐོའི་ས་གཞི་ཆེ་མོར་གསེར་འོད་ཀྱིས་མཛེས་རྒྱན་ལེགས་པར་སྤྲས་ནས་ཡོད་ལ།  གང་སར་ཨ་ཁུ་ཞིང་པ་རྣམས་སྟོན་བསྡུའི་ལས་ལ་ཚ་ཚ་འུར་འུར་ངང་བྲེལ་བཞིན་ཡོད་པའི་རྣམ་པས་ཁེངས་ཏེ།  བརྔ་བསྡུ་འཕྲུལ་འཁོར་བྲེལ་ཚུབ་ཆེན་པོས་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་།  ལོ་ལེགས་ཀྱི་གླུ་དབྱངས་ས་མཐོའི་ས་གཞི་ཆེ་མོར་གྲགས་ནས་སོ་ནམ་པའི་བཞིན་ལས་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།།  

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]