མཁའ་སྐྱོད་དཔའ་བོ་བདེ་བླག་ངང་དུ་ས་གཞིར་ལོག ལྷ་གྲུ་བཅུ་གཉིས་རྟགས་ཅན་ལས་འགན་ལེགས་གྲུབ་བྱུང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2021-09-18


མཁའ་སྐྱོད་དཔའ་བོ་གསུམ་པོ་ས་གཞིའི་དཔང་དུ་བདེ་བླག་ངང་དུ་འབྱོར།

སྤྱི་ཟླ་དགུ་པའི་ཚེས ༡༧ ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་དང་སྐར་མ ༣༤ ཡི་ཐོག་རང་རྒྱལ་གྱི་ལྷ་གྲུ་ཨང་བཅུ་གཉིས་རྟགས་ཅན་མི་བླུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཁང་བདེ་བླག་ངང་གཏན་འཁེལ་འབབ་གནས་སུ་བབས་ཐུབ་ཡོད་པ་དང་། མཁའ་སྐྱོད་པ་གཉས་ཧེ་ཧྲེངས་དང་ལིའུ་བོ་མིང་། ཐང་ཧུང་པོའོ་བཅས་གསུམ་བདེ་ཐང་ངང་གྲུ་ཁང་ནས་ཕྱིར་ཐོན་ཡོད་པས་ལྷ་གྲུ་ཨང་བཅུ་གཉིས་རྟགས་ཅན་མི་བླུགས་འཕུར་གྲུའི་ལས་འགན་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད།

 
ལྷ་གྲུ་ཨང་བཅུ་གཉིས་རྟགས་ཅན་མི་བླུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཁང་བདེ་བླག་ངང་ས་སྟེང་དུ་བབས།

སྤྱི་ཟླ་དྲུག་པའི་ཚེས ༡༧ ཉིན་ལྷ་གྲུ་ཨང་བཅུ་གཉིས་རྟགས་ཅན་མི་བླུགས་འཕུར་གྲུ་མཁའ་དབྱིངས་སུ་འཕུར་བ་ནས་ས་ལ་མ་བབས་བར། མཁའ་སྐྱོད་པ་གསུམ་པོས་བར་གནམ་དབྱིངས་སུ་ལས་ཀ་བྱས་ཏེ་ཉིན་དགུ་བཅུའི་རིང་འཚོ་སྡོད་བྱས་ཡོད་པ་དེ་ཀྲུང་གོའི་མཁའ་སྐྱོད་པས་འཕུར་ཐེངས་གཅིག་ལ་བར་གནམ་དབྱིངས་སུ་སྡོད་ཡུན་རིང་ཤོས་ཀྱི་ཟིན་ཐོ་ཡང་གཏོད་ཡོད།།


འཚོལ་སྐྱོབ་མི་སྣས་རོགས་སྐྱོབ་ལས་ལ་བྲེལ་བའི་ཚུལ།

ས་ངོས་ཀྱི་འཚོལ་སྐྱོབ་བསྡུ་ལེན་ཡན་ལག་རུ་ཁག་གྲུ་ཁང་ཡོད་སར་འབྱོར་བའི་སྣང་ཚུལ།

 

 

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]