ཚེས༢༡ཉིན་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོཌ་ཐོག་གི་རྟ་རྩལ་འགྲན་བསྡུར་ནང་བོད་ལྗོངས་རུ་ཁག་ལ་གསེར་གྱི་རྟཌ་མ་གཅིག་དང་ཟངས་ཀྱི་རྟཌ་མ་ཞིག་ཐོབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2021-09-22

སྤྱི་ཚེས ༢༡ ཉིན་གྱི་ཕྱི་དྲོ་བྱས་པའི་སྐབས ༡༤ པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གི་རྟ་རྩལ་རྣམ་གྲངས་གསུམ་གྱི་མཉམ་སྡེབས་འགྲན་བསྡུར་ཐོག  རང་ལྗོངས་ཀྱི་ལུས་རྩལ་པ་བཀྲ་ཤིས་དང་བསྟན་འཛིན་ནོར་བུ།  སྐལ་བཟང་ཕུན་ཚོགས།  སྤེན་པ་ཚེ་རིང་བཅས་ལས་གྲུབ་པའི་བོད་ལྗོངས་རུ་ཁག་གིས་འགྲན་བསྡུར་དེའི་ནང་མཉམ་སྡེབས་ཀྱི་ཨང་དང་པོ་བླངས་ཡོད།  དེ་ནི་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་ལུས་རྩལ་རུ་ཁག་ལ་ཐོབ་པའི་གསེར་གྱི་རྟགས་མ་དང་པོ་དེ་རེད་ལ།  ད་བར་སྐབས་རིམ་བྱུང་གི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་ལུས་རྩལ་རུ་ཁག་ལ་ཐོབ་པའི་རྟ་རྩལ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་ཡང་རེད།  གཞན་ཡང་མི་སྒེར་གྱི་འགྲན་རྩོད་ནང་།  སྐལ་བཟང་ཕུན་ཚོགས་ཨང་གསུམ་པའི་གནས་བབ་ཏུ་སླེབས་ནས་རང་ལྗོངས་ལུས་རྩལ་རུ་ཁག་གི་ཆེད་ཟངས་ཀྱི་རྟགས་མ་ཞིག་ལེན་ཐུབ་ཡོད།། 

པར་རིས་ཡོང་ཁུངས་བོད་ལྗོངས་གསར་འགྱུར་དྲ་བ།

  ༼  མིག་ཚེས་སྒྲིག ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]