རྒྱལ་ཁབ་རིག་དངོས་ཅུད་ཀྱིས་ཨ་རི་ནས་འདེད་ལེན་ཐུབ་པའི་རྩ་ཆེའི་རིག་དངོས༡༢བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་སྤྲད།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-29


མིང་རྒྱལ་རབས་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོར་ཐོན་པའི་སྐུ་རྒྱུ་རག་ལས་གྲུབ་པའི་རྒྱལ་བ་ཚེ་དཔག་མེད་ཀྱི་སྣང་བརྙན།

སར་འགོད་པར་སྤྱི་ཟླ་དགུ་པའི་ཚེས ༢༦ ཉིན་འཚོགས་པའི་རྒྱལ་ཡོངས་རིག་དངོས་བོད་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ཁབ་རིག་དངོས་ཅུ་ཀྱིས་ཨ་རི་ནས་དེད་ལེན་ཐུབ་པའི་རྩ་ཆེའི་རིག་དངོས ༡༢ བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད།


རིན་པོ་ཆེས་རྒྱན་པའི་ཚ་གསེར་མཆོད་རྟེན།

རིགས་གཅིག་མཁས་དབང་གིས་དཔྱད་ཞིབ་བྱས་པ་བརྒྱུད།  རིག་དངོས་དེ་དག་མིང་ཆིང་རྒྱལ་རབས་ནས་མིན་གོའི་དུས་སྐབས་བར་འདེད་ཆོག་པ་དང་།  དེ་དག་ནང་རྩ་ཆེའི་རིག་དངོས དང་།  སྤྱིར་བཏང་རིག་དངོས སྒྱུ་རྩལ་དངོས་རྫས བཅས་ཡོད་པ་དང་སྤྱི་ཡོངས་ནས་བལྟས་ནས་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་དངོས་རྫས་ཤ་སྟག་ཡིན་ཞིང་།  འདིར་ལོ་རྒྱུས་དང་སྒྱུ་རྩལ།  ཚན་རིག་བཅས་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་ངོས་འཛིན་བྱས་ཡོད།

དེའི་ཁྲོད་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྐུ་འདྲ ༥ དང་རིན་པོ་ཆེས་རྒྱན་པའི་ཚ་གསེར་མཆོད་རྟེན་དེའི་བཟོ་བཀོད་ཤིན་ཏུ་མཚར་བས་རིམ་པ་གསུམ་པའི་རིག་དངོས་ལ་གནས་སྐབས་གཏན་འཁེལ་བྱས།  ལྷག་པར་དུ་མིང་རྒྱལ་རབས་དུས་མཇུག་དང་ཆིང་རྒྱལ་རབས་དུས་འགོར་ཐོན་པའི་སྐུ་རྒྱུ་རག་ལས་གྲུབ་པའི་རྒྱལ་བ་ཚེ་དཔག་མེད་ཀྱི་སྣང་བརྙན་དེར་བོད་རྒྱ་ཟུང་འབྲེལ་གྱི་བཟོ་རྩལ་ཁྱད་ཆོས་འབུར་དུ་ཐོན་ཡོད།།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]