རང་ལྗོངས་ཀྱིས་རྒྱལ་དར་བསྒྲེང་པའི་མཛད་སྒོ་ཚོགས་ཏེ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ༧༢འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-03

སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རང་ལྗོངས་ཀྱི་ས་ཆ་ཁག་ཏུ་རྒྱལ་དར་བསྒྲེང་པའི་མཛད་སྒོ་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ ༧༢ འཁོར་བར་རྟེན་འབྲེལ་ཞུས་ཡོད།  ཞོགས་པ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་པོར་བསྒྲེངས་པ་དང་མི་རྣམས་ཀྱི་སེམས་ནང་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་དང་སྤོབས་སེམས་ཀྱིས་ཁེངས་ནས་ཡོད།

དེ་ཉིན་ཞོགས་པ་རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་གྲོང་མི་མང་ཚོགས་ཚོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡོང་ནས་རྒྱལ་དར་བསྒྲེངས་བའི་མཛད་སྒོར་ཞུགས་ཏེ།  མ་ཡུམ་མེས་རྒྱལ་དགུང་ལོ་དོན་གཉིས་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཧུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན།  ཡན་ཅིན་ཧའི།  ཝང་གལ།  པད་མ་དབང་འདུས།  ལིའུ་ཅང་།  དབང་ཧེ་ཀྲའུ་བཅས་མཛད་སྒོར་ཞུགས་ཡོད།

སྤྱི་ཟླ་བཅུ་པའི་བོད་ཀྱི་ས་ཕྱོགས་གང་སར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་གནམ་མཁའ་སྔོ་ལ་དྭངས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད།  ལྷ་ས་སྐྱིད་ཆུ་ནས་བོད་བྱང་ཐང་བར་དང་།  མངའ་རིས་ས་མཐོ་ནས་ཉང་ཆུ་གཙང་པོའི་བར་རང་ལྗོངས་ཀྱི་ས་ཆ་ཁག་གིས་རྒྱལ་དར་བསྒྲེངས་པའི་མཛད་སྒོ་ཟབ་རྒྱས་འཚོགས་ཏེ་སྐར་ལྔའི་དར་དམར་རེ་རེ་རྒྱལ་གླུའི་སྒྲ་དང་བསྟུན་ནས་བསྒྲེངས་ཏེ་སྐྱེ་བོ་ཀུན་གྱི་རྒྱལ་གཅེས་བསམ་པ་འཕེལ་བར་བྱས་ཡོད་ལ།  ས་མཐོའི་མི་དམངས་ཚོས་ཀྱང་རྒྱལ་དར་འོག་མཛེས་སྡུག་ལྡན་པའི་མ་འོངས་པ་བསུ་བཞིན་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]