སྣེ་མོའི་སྐར་ཚོགས་ཞེས་པ་སྟེ༢༠༢༡ལོའི་བོད་ཀྱི་སྐར་གུང་པར་ལེན་འདུ་ཚོགས་སྐབས་དང་པོ་ཉེ་དུས་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2021-11-23

བོད་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་དང་མངའ་རིས་ས་ཁུལ་ཡུལ་སྐོར་གོང་འཕེལ་ཅུད།  བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སྣེ་མོའི་སྐར་ཚོགས་ཞེས་པ་སྟེ།  སྤྱི་ལོ ༢༠༢༡ ལོའི་བོད་ཀྱི་སྐར་གུང་པར་ལེན་འདུ་ཚོགས་སྐབས་དང་པོ་ཉེ་དུས་ལྷ་སར་འཚོགས་པ་རེད།  འདུ་ཚོགས་ཐོག  མངའ་རིས་ཀྱི་མཐོ་ལྡིང་མཛེས་ལྗོངས་དང་དགུང་ལ་སྙེགས་འདྲའི་རི་མཐོའི་དབུ་ཐོག་ཏུ་སྐར་མའི་སྐར་གྲལ་སྣ་ཚོགས་དང་སྐྱ་ཆིལ་ལེར་གནས་པའི་དགུ་ཚིག་སྐྱ་མོ་སོགས་མཁའ་དབྱིངས་སྐར་གུང་གི་མཛེས་ཉམས་གཙོ་བོར་མངོན་པའི་དྲིལ་བསྒྲགས་པར་གཞི་བོད་ཀྱི་སྐར་གུང་ཞེས་པ་ཐེངས་དང་པོ་སྟོན་ཡོད།

  

བྱེད་སྒོ་སྤེལ་ཡུལ་དུ།  བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་འཐུས་མི་ཧྲའོ་གྲེན་གྱིས་འདུ་ཚོགས་ལ་ཕེབས་པའི་སྐུ་མགྲོན་ཚོར་མངའ་རིས་ཀྱི་ཤེས་དཔལ་ལོ་རྒྱུས་དང་།  རི་སྔོན་ཆུ་དྭངས་སོགས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ངོ་སྤྲོད་ཞུས་པ་མ་ཟད།  མངའ་རིས་ཀྱིས་བཏོན་པའི་ཁྱད་ལྡན་མཛེས་ལྗོངས་དང་སྤུས་ལེགས་མགྲོན་ཁང་།  ཡིད་དབང་འཕྲོག་པའི་ཡུལ་སྐོར་ལམ་ཐིག་སོགས་ཀྱང་ངོ་སྤྲོད་ཞུས་པ་རེད།

སྨྱན་སྦྱོར་གསར་པའི་ཐོག་མངའ་རིས་ཀྱི་ཡུལ་སྐོར་དང་སྐར་གུང་མཛེས་ལྗོངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད།  བྱེད་སྒོ་སྤེལ་ཡུལ་དུ་བོད་ཀྱི་ཡུལ་སྐོར་ཁྱུག་དབྱིངས་སྤུས་ལེགས་བརྩམ་བྱ་འདོན་མཁན་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་དང་།  སྐར་གུང་པར་ལེན་འགྲན་བསྡུར་ཆེ་མོའི་མངའ་རིས་ཕྱོགས་སུ་རྡོག་ཐོན་བྱེད་མཁན་ལ་དར་ཆ་སྤྲོད་པའི་མཛད་སྒོ་ཡང་མཉམ་དུ་སྤེལ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]