རང་ལྗོངས་ཀྱིས་སྨན་བཅོས་འགན་སྲུང་དང་འབྲེལ་བའི་ལག་བསྟར་བསམ་འཆར་ཁག་གཉིས་ཀྱི་སྲིད་ཇུས་གསལ་འགྲེལ་འགྲེམ་བསྒྲཌ་ཚོཌ་འདུ་ཚོཌ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-01

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྱི་ཟླ་བཅུ་གཅིག་པའི་ཚེས ༣༠ ཉིན་གྱི་སྔ་དྲོ།  སྨན་བཅོས་འགན་སྲུང་ལམ་ལུགས་ལ་བསྒྱུར་བཅོས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་དང་།  སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་ལ་བསྒྱུར་བཅོས་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་ལག་བསྟར་བསམ་འཆར་གྱི་སྲིད་ཇུས་གསལ་འགྲེལ་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ཚོགས་པ་དང་།  རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཏང་ཙུའི་ཁོངས་མི། ཅུས་ཀྲང་གཞོན་པ་ཀྲེང་ཞོལ་ཧུང་གིས་ལག་བསྟར་བསམ་འཆར་འདི་གཉིས་བཏོན་དགོས་པའི་རྒྱབ་ལྗོངས་དང་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་བར་ལྗོངས་ཡོངས་སུ་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་ཚོ ༣༤༣.༥༡ ཟིན་ཏེ་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ ༩༥ ཡན་དུ་བརྟན་སྲུང་ཐུབ་ཡོད་པ་དང་།  སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ནད་ཁང་ནང་སྡད་པའི་འགྲོ་གྲོན་རྩིས་ཞུ་བྱེད་སྐབས།  སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་མཐོ་ཤོས་སུ་བརྒྱ་ཆ ༩༠ ཡན་རྩིས་ཞུ་ཐུབ་རྒྱུ་ཡིན་ལ།  དབུལ་ཕོངས་མི་འབོར་སྨན་བཅོས་འགན་བཅོལ་ནང་འཇུག་དགོས་རིགས་ཚང་མ་བཅུག་ཟིན་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]