གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་རང་ལྗོངས་ཀྱི་ནད་པ་བདུན་ཉེ་དུས་ཝུའུ་ཧན་དུ་ནད་གཞི་དྲག་སྐྱེས་བྱུང་།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-06

ཧུའུ་པེ་ཞིང་ཆེན་བོད་སྐྱོང་རོགས་སྐྱོར་མཐུན་ཚོགས་ཀྱི་རོགས་རམ་འོག  གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་རང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ནད་པ་གཉིས་དང་ཆབ་མདོ་གྲོང་ཁྱེར་གྱི་ནད་པ་ལྔའི་ནད་གཞི།  ཉེ་དུས་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དུང་ཅིས་གསོ་རིགས་སློབ་གླིང་གི་ཞོར་གཏོགས་ཞེ་ཧོ་སྨན་ཁང་དུ་དྲག་སྐྱེས་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དུ་ཧུའུ་པེ་ཞིང་ཆེན་བོད་སྐྱོང་རོགས་སྐྱོར་རྣམ་གྲངས་ཚོགས་ཆུང་གིས་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་དུང་ཅིས་གསོ་རིགས་སློབ་གླིང་གི་ཞོར་གཏོགས་ཞེ་ཧོ་སྨན་ཁང་རུས་ཚིགས་ཚན་ཁག་གི་དགེ་རྒན་ཆེ་མོ་གཡས་ཧྲུའུ་ནན་སོགས་སྨན་བཅོས་མཁས་དབང་ཁག་གཅིག་དང་མཉམ་དུ།  ཁག་སོ་སོར་རང་ལྗོངས་ཀྱི་ལྷོ་ཁ་དང་ཆབ་མདོ་སོགས་སུ་སྐྱོད་དེ་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་འདེམས་བཤེར་བྱས་པ་མ་ཟད།  ཝུའུ་ཧན་དུ་བཤགས་བཅོས་བྱས་ན་འཚམས་པའི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་བདུན་ལ་རིན་མེད་སྨན་བཅོས་བྱས་པ་རེད།
ཧུའུ་པེ་ཞིང་ཆེན་བོད་སྐྱོང་རོགས་སྐྱོར་མཐུན་ཚོགས་ཀྱིས་སྤྱི་ལོ ༢༠༡༩ ལོ་ནས་གྲུམ་བུ་ཚིགས་ཆེན་ནད་སྨན་བཅོས་བྱས་ཏེ་བདེ་ཐང་དབུལ་སྐྱོར་གྱི་སྤྱི་ཕན་བྱེད་སྒོ་སྤེལ་ཚུན།  ཧུའུ་པེ་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཕྱོགས་གཉིས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཅིང་ད་བར་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་རང་ལྗོངས་ཀྱི་ནད་པ་བཅུའི་སྡུག་བསྔལ་སེལ་ཐུབ་ཡོད་པས།  རྒྱ་ཆེའི་ནད་པ་དང་སྤྱི་ཚོགས་ཡོངས་ཀྱི་བསྔགས་བརྗོད་ཆེས་ཆེར་ཐོབ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]