ནགས་ཚལ་མེ་ཟོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་ནགས་ཚལ་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་སྨར་ཁམས་རྫོང་དུ་བཅའ་སྡོད་ཡན་ལག་རུ་ཁག་གིས་སྨར་ཁམས་རྫོང་ནགས་ཚལ་ཅུས་དང་མཉམ་འབྲེལ་ཐོག སྤྱི་ལོ ༢༠༢༢ ལོའི་སྨར་ཁམས་རྫོང་གི་གཤམ་སྤེལ་ལྔའི་ཞིང་ལས་དམིགས་བསལ་ཐོན་རྫས་འགྲེམས་ཚོང་སྤྱད་དེ། ས་གནས་ས་ཐོག་ཏུ་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱ་སྤྱོད་ནང་རིམ་རྩིས་བརྒྱབ་ན། དྲིལ་བསྒྲགས་དཔྱད་ཡིག་དང་དངོས་ཟོག ༢༡༠༠ ལྷག་ཙམ་སྤྲད་པ་དང་། སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས ༡༨༠༠ ལྷག་ཙམ་ཟིན་ཡོད།།