རང་འགུལ་ཐོག་ནས་འགན་འཁྲི་འཁུར། དམངས་ཀྱི་དཀའ་གནད་གང་ལེགས་སེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-22

རྟ་ནག་ཕུ་ཤང་འབུར་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་ཤིང་རྫོང་གྲོང་དང་བར་ཐག་སྤྱི་ལེ ༧༥ ཙམ་ཡོད།  ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི ༤༣༠༠ ཡན་ཟིན་ཞིང་དཔེ་མཚོན་གྱི་ས་མ་འབྲོག་ཁུལ་རེད།  གྲོང་མི་རེའི་ཆ་སྙོམས་ཡོང་འབབ་གཞི་རྩའི་ཆ་ནས་བྱས་ན་དབུལ་གྲོལ་ཚད་གཞིར་སླེབས་ཡོད་ནའང་།  ས་རྒྱུ་ཞན་པ་དང་རྩྭ་ར་མི་འདང་བ།  འབབ་འཕར་རྣམ་གྲངས་ཉུང་བ།  གྲོང་མིའི་ཡོང་འབབ་ཡོངས་ཁུངས་ཁེར་རྐྱང་ཡིན་པ་སོགས་ནི་ད་ལྟ་གྲོང་ཚོ་དེར་འཕྲད་པའི་དོན་དངོས་གནས་ཚུལ་ཞིག་རེད། 

རྟ་ནག་ཕུ་ཤང་འབུར་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ཁག་བཅུ་པའི་ལས་དོན་རུ་ཁག་གི་རུ་དཔོན་ཞཱ་ལི་ཡིས།  རུ་མི་ཚོའི་སྣེ་ཁྲིད་དེ་མགྱོགས་མྱུར་གྲོང་ཚོའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱས་པ་དང་།  ཡུལ་བབ་དང་བསྟུན་པ་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་དང་པོ་དེ་ཡག་པོ་སྤོས་ཡོད་ཅེས་གསུངས།

ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བའི་སྐབས་སུ།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཀྲེ་པུའུ་དང་མཉམ་འབྲེལ་ཐོག་ཏང་འཛུགས་སྐྱོང་གི་དཔེ་སྟོན་དྲིལ་བསྒྲགས་ཆེད་སྒྲོམ་བཟོས་ཏེ།  བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་།  གཙོ་བོར་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ།  ཁ་ཕྲལ་ལ་ངོ་རྒོལ།  ཆོས་ལུགས་ལ་ལྟ་སྟངས་ཡང་དག་འཛིན་པ་སོགས་ཀྱི་ཆེད་སྒྲོམ་བཟོས་ནས་ཞིང་འབྲོག་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

གོམ་སྟབས་རྗེས་མར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྟ་ནག་ཕུ་ཤང་གི་ཁོར་ཡུག་སྲུང་སྐྱོང་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན།  དེ་བཞིན་ཐོན་ལས་འཕེལ་རྒྱས་གཏིང་ཟབ་གཏོང་བ་བཅས་བྱས་ཏེ།  འབྱུང་འགྱུར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཞིང་འབྲོག་ཐོན་རྫས་ལ་རང་བདག་ཚོང་རྟགས་ཡོད་པ་བྱས་ནས།  ཁྲོམ་རར་བྲིན་ཚོང་དང་ཁྲོམ་རའི་འགྲན་རྩོད་ཁྲོད་དེ་བས་ལེགས་ཆ་ལྡན་པ་བྱ་རྒྱུ་མ་ཟད།  རྟ་ནག་ཕུ་ཤང་དེ་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་དང་པོ་བརྟན་པོའི་ངང་སྤོ་ཐུབ་པ་ཡང་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]