སྤྱི་ཟླ་དང་པོའི་ཚེས ༢༧ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ལོ ༢༠༢༡ ལོའི་བོད་ཀྱི་བཟོ་བོ་ཞེས་པའི་དཔྱད་འདེམས་ལས་ཀའི་གནས་ཚུལ་གྱི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ཚོགས་པ་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་འཁུར་བློ་མཐུན་དང་བོད་ཀྱི་བཟོ་བོའི་འོས་མི་དྲུག་འགྲེམས་བསྒྲགས་ཚོགས་འདུར་ཞུགས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།
ཉེ་བའི་ལོའི་ནང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བོད་ཀྱི་དོན་ཆེན་བཞི་དང་འགན་ལེན་བཞིར་དམ་པོར་དམིགས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་བཟོ་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་དང་ཚན་པས་མཉམ་སྒུལ་བྱེད་པའི་བོད་ཀྱི་བཟོ་བོའི་དཔྱད་འདེམས་ལམ་སྲོལ་ཆགས་པ་བྱས་ཐོག ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་གཙོ་གནད་ཁྱབ་ཁོངས་ཁག་ཏུ་བོད་ཀྱི་བཟོ་བོའི་དཔྱད་འདེམས་འོས་སྦྱོར་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། བཟོ་བོའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་ངལ་རྩོལ་ནི་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་ཤོས་བཅས་ཡིན་པའི་སྤྱི་ཚོགས་སྲོལ་བཟང་དར་སྤེལ་བཏང་སྟེ། ལྕགས་ལམ་འཛུགས་སྐྲུན་དང་བོད་ཤོག་བཟོ་རྩལ། གཏེར་ཁ་གསར་སྤེལ། ཆུ་གློག་གསར་སྤེལ། འཕྲུལ་གློག་ཉམས་བཟོ། སྲོལ་རྒྱུན་རྡོ་ཁོག་བཟོ་རྩལ་སོགས་ལས་རིགས་དང་འབྲེལ་བའི་བོད་ཀྱི་བཟོ་བོ་དཔྱད་འདེམས་བྱས་ཡོད།།