ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་ཕྲུག་ཚོས་ཤིང་འཛུགས་བྱེད་པ།
དཔྱིད་ཀྱི་དཔལ་ཡོན་བཞད་པའི་གངས་ལྗོངས་ས་མཐོར་བྱ་བྱིའུ་གསུང་སྐད་སྙན་ཞིང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར། ཉེ་དུས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་སློབ་མ་སྒྲིག་འཛུགས་བྱས་ཏེ་ཤིང་འཛུགས་བྱེད་སྒོ་སྤེལ་ཞིང་། ཤིང་འཛུགས་བརྒྱུད་སློབ་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་ཕྱིན་པ་མ་ཟད། སློབ་གྲྭའི་ཁོར་ཡུག་མཛེས་ཉམས་ཆེ་རུ་ཡང་ཕྱིན་ཡོད།།