ལྷ་སའི་ས་གཙང་ཐབ་ཚང་དབུས་མས་ཁྲེང་ཀོན་ཆུས་ཁོང་གཏོགས་ཀྱི་སློབ་མ་ཆིག་ཁྲི་ལྷག་ལ་རོ་བཅུད་ལྡན་ལ་གཙང་སྦྲ་དོད་པའི་དགུང་ཟས་མཁོ་སྤྲོད་བྱས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2022-03-23

ཉེ་བའི་ལོའི་ཚུན།  སློབ་མའི་ཟ་ཁང་མེད་པའི་སློབ་གྲྭ་ཁག་ཅིག་གི་སློབ་མར་དགུང་ཟས་མཁོ་སྤྲོད་བྱེད་རྒྱུའི་གནད་དོན་ཐག་གཅོད་བྱ་ཆེད།  སྤྱི་ལོ ༢༠༢༠ ལའི་ཟླ་བ་བརྒྱད་པའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར ༡.༡༧ བཏང་ནས་ལྷ་སའི་ས་གཙང་ཐབ་ཚང་དབུས་མ་སྐྲུན་འགོ་བཙུགས་ཡོད།  ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་འཛུགས་སྐྲུན་དང་ལེགས་སྒྲིག  ཚོད་ལྟ་གཉེར་སྐྱོང་བཅས་བྱས་པ་བརྒྱུད།  ད་ལོའི་སྤྱི་ཟླ་གསུམ་པའི་ནང་ལྷ་སའི་ས་གཙང་ཐབ་ཚང་དབུས་མའི་གཡོས་སྦྱོར་ལྟེ་གནས་ནས་སློབ་གྲྭ་ཁག་ལ་ཟས་རིགས་གཡོས་སྦྱོར་བྱེད་འགོ་བཙུགས་ཡོད།  ད་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོང་གཏོགས་ཀྱི་སློབ་གྲྭ་མང་པོའི་སློབ་མ་ཆིག་ཁྲི་ཉིས་སྟོང་ཙམ་གྱིས།  ལྷ་སའི་ས་གཙང་ཐབ་ཚང་དབུས་མའི་གཡོས་སྦྱོར་ལྟེ་གནས་ནས་མཁོ་སྤྲོད་བྱས་པའི་རོ་བཅུད་ལྡན་ལ་གཙང་སྦྲ་དོད་པའི་དགུང་ཟས་ལ་རོལ་ཐུབ་པ་བྱུང་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]