ཁེའུ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་ཁག་བགོས་ཀྱི་རྒྱན་ཤོག་འཐེན་པ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-03-23

ཁེའུ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་ཁག་བགོས་ཀྱི་རྒྱན་ཤོག་འཐེན་པའི་མཛད་སྒོ་དེ་པེ་ཅིན་གྱི་དུས་ཚོད་སྤྱི་ཟླ་བཞི་པའི་ཚེས ༢ ཉིན་གྱི་མཐོ་རེངས་ཁེའུ་ཐར་གྱི་རྒྱལ་ས་ཏོ་ཧར་གཟབ་རྒྱས་ངང་གཉེར་བ་རེད།  ད་དུང་གཏན་འཁེལ་མ་བྱུང་བའི་རུ་ཁག་གསུམ་བསྡོམས་ཁྱོན་རུ་ཁག ༣༢ ཚང་མ་སོ་སོའི་ཚོགས་ཆུང་གི་གདན་ཐོབ་ཐོག་བཀོད་ཟིན།

རེའུ་མིག་ནང་གི་གསབ་སྡུར་དང་པོ་དེ་ནི་ཨེ་ཤི་ཡ་གླིང་གི་ཨ་རབ་ཚོ་དཔོན་མཉམ་འབྲེལ་རུ་ཁག་དང་ཨོ་སི་ཁྲུ་ལི་ཡ་རུ་ཁག་དབར་འགྲན་བསྡུར་བྱས་རྗེས་རྒྱལ་ཁ་ཐོབ་མཁན་དེས་ལྷོ་ཨ་མེ་རི་ཁ་གླིང་གི་ཕེ་རུ་རུ་ཁག་དབར་གདན་ཐོབ་དེ་རྩོད་ལེན་བྱེད་རྒྱུ་དང་།  གསབ་སྡུར་གཉིས་པ་དེ་ནི་ཡོ་རོབ་གླིང་གི་སུག་ལན་རུ་ཁག་དང་ཡུག་རན་རུ་ཁག་དབར་འགྲན་བསྡུར་བྱས་རྗེས་རྒྱལ་ཁ་ཐོབ་མཁན་དེས་གླིང་ཆེན་གཅིག་པའི་ཝིལ་ཧྲེ་རུ་ཁག་དབར་གདན་ཐོབ་དེ་རྩོད་ལེན་བྱེད་རྒྱུ།  གསབ་སྡུར་གསུམ་པ་དེ་ནི་བྱང་ཨ་མེ་རི་ཁ་གླིང་གི་ཀེ་སི་རྡ་རི་ཀ་རུ་ཁག་དང་རྒྱ་མཚོ་ཆེན་པོ་གླིང་གི་ནེའུ་ཙི་ལན་རུ་ཁག་དབར་གདན་ཐོབ་དེ་རྩོད་ལེན་བྱེད་རྒྱུ་བཅས་རེད།།

ཁེའུ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་བཀྲ་ཤིས་མཚོན་དངོས་བླ་ཡིབ (La`eeb)

  ༼  རྩོམ་བསྒྱུར་མིག་ཚེ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]