ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མེ་སྐྱོན་འགོག་གསོད་རོགས་སྐྱོབ་རུ་ཆེན་གྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལས་དོན་གཏིང་ཟབ་ཏུ་སྤེལ་ཡོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-04-12

སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ།  སྒྲིག་ལམ་ནན་དུ་གཏོང་བ།  གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱ་ཆེད།  ད་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མེ་སྐྱོན་འགོག་གསོད་རོགས་སྐྱོབ་རུ་ཆེན་གྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས།  གསར་གཏོད་རང་བཞིན་ལྡན་པའི་ངང་སྐུལ་སློང་བཀོད་སྒྲིག་དང་སློབ་སྦྱོང་སློབ་གསོ།  མེ་གསོད་རོགས་སྐྱོབ།  མེ་ཟོན་ཞིབ་བཤེར།  དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ལས་དོན་ཁག་ལྔར་དམ་འཛིན་ནན་པོ་བྱས་པ་དང་།  རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དང་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་རྒྱུའི་ལས་དོན་གཏིང་ཟབ་ཏུ་སྤེལ་ཡོད།

ད་བར་རུ་ཆེན་དེས་བཀོད་སྒྲིག་ཚོགས་འདུ་ཐེངས་གཉིས་ཚོགས་པ་དང་སློབ་སྦྱོང་བྱེད་རྒྱུ་ཐེངས་བརྒྱད་སྒྲིག་འཛུགས་བྱས་པས།  དམིགས་ཚད་ལས་འགན་ཁག་ཁ་གསལ་བྱུང་བ་དང་ཆབས་ཅིག་བསམ་བློ་དང་ཆབ་སྲིད།  བྱ་སྤྱོད་བཅས་ཚང་མའི་རང་རྟོགས་རང་བཞིན་ཆེས་ཆེར་འཕེལ་ཐུབ་པ་བྱུང་ཡོད།

མང་ཚོགས་ལ་ཞབས་འདེགས་ཞུས་ནས་མི་སེམས་དྲོ་བར་བྱེད་པའི་ཁྲོད་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་བྱེད་སྒོ་ཐེངས་གཉིས་སྤེལ་བ་དང་།  དུས་དང་རྣམ་པ་ཀུན་དུ་རང་ངོས་ལ་སྦྱོང་བརྡར་སྤྲོད་རྒྱུར་དོ་སྣང་བྱས་ཏེ་རྩལ་ནུས་འཕེལ་བའི་ནང་སྦྱོང་ཐེངས ༡༤ བྱས་པ་མ་ཟད།  འབར་རླངས་ཁྱབ་ཁོངས་དང་ཤིང་བྱ་ལས་སྣོན།  ཟོག་འགྲེམས་མཛོད་ཉར་ཁེ་ལས་བཅས་དང་དགུན་དཔྱིད་གཉིས་ཀྱི་མེ་ཟོན་སོགས་ཆེད་དོན་ཞིབ་བཤེར་ཐེངས་མང་སྤེལ་ཏེ།  མེ་སྐྱོན་ཐོན་པའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ནས་མང་ཚོགས་བདེ་འཁོད་ལས་བརྩོན་ཐུབ་ཆེད་མེ་ཟོན་གྱི་བདེ་འཇགས་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད།

དྲིལ་བསྒྲགས་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད།  རྣམ་པ་མི་འདྲ་བ་དང་ཁ་ཕྱོགས་མི་འདྲ་བ།  བྱ་ཐབས་མི་གཅིག་པ་སོགས་ཀྱི་སྒོ་ནས་དུས་ཚོད་གཏན་འཁེལ་ནང་མི་ཚོགས་ཆེ་སར་མེ་སྐྱོན་འགོག་གསོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་འབྲེལ།  དྲིལ་བསྒྲགས་སྦྱོང་བརྡར་སྤྲོད་པ་དང་དྲིལ་བསྒྲགས་དཔྱད་གཞི་ཕུལ་བ་སོགས་བྱས་པས་སློབ་གསོ་ཐེབས་མཁན་མི་གྲངས ༤༠༠ ལྷག་ཙམ་ཟིན་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]