您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ལོ ༢༠༢༡ ལོའི་ཟླ་གཉིས་པའི་ཚེས ༢༥ ཉིན་གྱི་སྔ་དྲོར་འཚོགས་པའི་རྒྱལ་ཡོངས་དབུལ་གྲོལ་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། རང་རྒྱལ་གྱི་དབུལ་གྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཆེན་དེར་རང་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ཚང་མས་དཀའ་སྤྱད་ཞུན་བརྡར་གྱི་བློ་སྟོབས་ཆེར་སྐྱེད་དང༌། འབད་འཐབ་ཀྱིས་ངོ་མཚར་གཏོད་པའི་སྙིང་སྟོབས་ཐོག་ནས་དུས་རབས་གསར་པའི་འབད་འཐབ་ལམ་བུའི་ཐོག་སྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།།