དཔལ་ལྡན་རྡོ་རྗེ་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་འོང་མགོ་གྲོང་ཚོའི་ལོ་དགུ་ཟིན་པའི་ཕྲུ་གུ་ཞིག་ཡིན་ཞིང་། ཁོ་པར་ལྷན་སྐྱེས་རང་བཞིན་གྱི་ལོང་ཆེན་ནད་ཕོག་ཡོད་པས་འཚོ་བ་དང་འཚར་ལོངས་ཐད་འགོག་རྐྱེན་ཆེན་པོ་འཕྲད་ཡོད། ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། དུས་ཐོག་ཏུ་ཕྲུ་གུ་དེ་ནང་སར་གཤགས་བཅོས་བྱེད་པར་ཁྲིད་པ་རེད། ད་ཆ་དྲག་སྐྱེད་ཡག་པོ་བྱུང་བ་མ་ཟད་བདེ་འཇགས་ངང་བོད་དུ་ལོག་ཡོད།།