ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་གསེར་བཀྲམ་གྲོང་ཚོས། འབྲུག་ལ་གཙང་པོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཇ་ཁང་དང་དམངས་སྲོལ་གནས་ཚང་བཙུགས་པ་དང་། རྩལ་ནུས་སྦྱོང་བ། འདམ་ར་སྲུང་སྐྱོང་སོགས་ཐབས་མང་མཉམ་དུ་བཟུང་ནས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཧུར་ཐག་བཏང་སྟེ། ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད།།