ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་གིས་རྒྱ་ཆེའི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ། ཡ་སླུས་གཙང་པོ་སྒྲོལ་ཞེས་པའི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་མངོན་པའི་གསར་བརྗེའི་ལོ་རྒྱུས་བརྗོད་གཞིའི་གློག་བརྙན་བལྟས་པ་རེད། ཡ་སླུས་གཙང་པོ་སྒྲོལ་ཞེས་པའི་གློག་བརྙན་ནི་ཡུལ་ལྗོངས་ཡོངས་ཀྱི་རྣམ་པ་དང་ལོ་རྒྱུས་སྙན་ངག་རང་བཞིན་གྱི་གསར་བརྗེའི་ལོ་རྒྱུས་བརྗོད་གཞིའི་བརྩམས་བྱ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ཁྲོད་ཀྱི་དགའ་སྐྱོ་གཉིས་ལྡན་དང་མི་སེམས་འགུལ་བའི་གཟི་བརྗིད་ལོ་རྒྱུས་བསྐྱར་དུ་ཕྱིར་དྲན་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ཟབ་མོ་མངོན་པར་བྱས་ཡོད།།