ལོ་གཅིག་རིང་ལས་བྲེལ་ཚ་བའི་མི་རྣམས་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ་ལྷོད་ལ་བབས་པ་དང་། དུས་རྒྱུན་ཁ་ཁུ་སིམ་པའི་གྲོང་གསེབ་ཁུལ་ལ་ནང་དུ་ལོག་མཁན་མང་དུ་ཕྱིན་པ་དང་བསྟུན་ནས་འཁྲུག་ཆ་དོད་དུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་སྡེ་ཁུལ་མང་ཚོགས་ཚོས་ཞིང་ལས་དལ་བའི་དུས་དང་བསྟུན་ནས་སྤྲོ་སྣང་ཆེན་པོས་གླུ་གར་ལ་རོལ་བཞིན་ཡོད།།