ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་ལྗོངས་ཀྱི་ལས་བཟོར་ཞབས་འདེགས་གང་ལེགས་བསྒྲུབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ པར་བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འཕྲིན་ཕྲན་སྤྱི་སྟེགས་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལག་ཐོགས་ཁ་པར་གྱི APP སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དྲ་ཐོག་ལས་སྒོའི་ཚོམས་ཆེན་བཅས་ཀྱིས་གཞི་རྟེན་གཙོ་བོ་བྱས་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་གཏོད་ཚུན།  རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཞབས་ཞུ་གསར་གཏོད་དང་ལས་རིམ་ལེགས་གཏོང་།  འགྲོ་ལུགས་སྟབས་བདེ་བཅས་ཡོང་བ་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་རང་ལྗོངས་ཀྱི་ལས་བཟོར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གཏོད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དེ།  བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འཕྲིན་ཕྲན་སྤྱི་སྟེགས་དང་།  ལག་ཐོགས་ཁ་པར་གྱི APP དྲ་ཐོག་ལས་སྒོའི་ཚོམས་ཆེན་བཅས་གསུམ་ལས་གྲུབ་ཡོད།  སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འཕྲིན་ཕྲན་སྤྱི་སྟེགས་ཐོག་ལས་བཟོའི་སྒེར་གྱི་ཆ་འཕྲིན་དང་སྤྱི་གསོག་མ་དངུལ་གསོག་ཚད་སོགས་ཀྱི་ཆ་འཕྲིན་འཚོལ་བཤེར་ཐུབ་པ་དང་།  བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལག་ཐོགས་ཁ་པར APP བརྒྱུད་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཆ་འཕྲིན་འཚོལ་བཤེར་ཆོག་ལ་མ་དངུལ་ལེན་ཆོག་པ།  བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དྲ་ཐོག་ལས་སྒོའི་ཚོམས་ཆེན་བརྒྱུད་བཅོལ་གསོག་ཚན་པར་བཅོལ་གསོག་དང་རྩིས་ཐོ་སྲུང་བ།  སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ།  དངུལ་བུན་གཡར་བ་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད།

ནད་ཡམས་ཐོན་ཚུན་རང་ལྗོངས་ཀྱི་བཅོལ་གསོག་ཁེ་ལས་ལ་ཤུགས་རྐྱེན་ཐེབས་པར་དམིགས་ཏེ་བཅོལ་གསོག་ཁེ་ལས་ཀྱིས་གཏན་འབེབས་ལྟར།  སྤྱི་ལོ ༢༠༢༠ ལོའི་ཟླ ༦ པའི་ཚེས ༣༠ ཉིན་གྱི་གོང་དུ་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་དུས་ཚོད་ནར་འགྱངས་བྱེད་པའམ་ཡང་ན་དུས་མཚམས་རང་བཞིན་གྱི་སྒོ་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་བསྡུར་ཚད་དམའ་རུ་གཏོང་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་།  བཅོལ་གསོག་ནར་འགྱངས་བྱེད་རིང་ལས་བཟོས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་རྒྱུན་གཏན་ལྟར་གཉེར་རྒྱུར་ཤུགས་རྐྱེན་ཐེབས་རྒྱུ་མིན་པ་དང་།  ནད་ཡམས་ཀྱིས་རྐྱེན་པས་སྤྱི་ལོ ༢༠༢༠ ལོའི་ཟླ ༦ པའི་ཚེས ༣༠ ཉིན་གྱི་གོང་རྒྱུན་གཏན་ལྟར་ཟླ་རེར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་མི་ཐུབ་པའི་ལས་བཟོ་དང་།  ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་མཁན་ཚོར་དུས་འགྱངས་བྱས་པའི་ཐག་གཅོད་མི་བྱེད་ཅིང་དུས་འགྱངས་ཀྱི་ཟིན་ཐོ་ཡིད་རྟོན་ཚན་པར་ཡང་མཁོ་སྤྲོད་བྱེད་རྒྱུ་མིན་པ་གསལ་སྟོན་བྱས་ཡོད། །

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]