མངའ་རིས་སུ་ནད་ཡམས་འགོག་ཟོན་ཁྲོད་གློག་དྲ་འཛུཌ་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་གློག་དྲ་མངའ་རིས་གློག་གཏོང་ཀུང་སིའི་ཁོངས་གསུམ་ཁུལ་གསུམ་གྱི་གློག་དྲ་གཙོ་བོའི་རྣམ་གྲངས་པུས།  འཛུགས་སྐྲུན་པའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་རྣམ་གྲངས་ཁག་ཐེངས་དབྱེ་ནས་ཐོན་སྐྱེད་སླར་གསོ་བྱས་ཡོད།  འཛུགས་སྐྲུན་པ་ཡོངས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་ལོགས་སྡོད་ཀྱི་བྱ་ཐབས་ནན་ཏན་བཟུང་བ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ཁབ་གློག་དྲ་མངའ་རིས་གློག་གཏོང་ཀུང་སིའི་ཁོངས་གསུམ་ཁུལ་གསུམ་གྱི་གློག་དྲའི་འཛུགས་སྐྲུན་ལས་གཞིའི་ཁག་དང་པོའི་རྣམ་གྲངས་དེ་ད་ལོའི་སྤྱི་ཟླ ༥ པའི་ཚེས ༣༠ ཉིན་བསྐྲུན་ཟིན་པ་བྱ་རྒྱུ་དང་།  ཁག་གཉིས་པའི་རྣམ་གྲངས་དེ་ད་ལོའི་སྤྱི་ཟླ ༦ ཚེས ༣༠ ཉིན་བསྐྲུན་ཟིན་པ་བྱ་རྒྱུ་རེད།  རྒྱལ་ཁབ་གློག་དྲ་མངའ་རིས་གློག་གཏོང་ཀུང་སིའི་ཁོངས་གསུམ་ཁུལ་གསུམ་གྱི་གློག་དྲའི་འཛུགས་སྐྲུན་ལས་གཞི་ཕྱོགས་ཡོངས་ནས་བསྐྲུན་ཟིན་ནས་གཉེར་སྐྱོང་ཐུབ་རྗེས།  མངའ་རིས་ས་ཁུལ་གྱི་གློག་དྲའི་གྲུབ་ཚུལ་སྔར་བས་ལེགས་སུ་འགྲོ་རྒྱུ་དང་ཤང་གྲོང་དུ་གློག་ཁྱབ་ཚད་ཆེ་རུ་འགྲོ་རྒྱུ་མ་ཟད།  གློག་བརྟན་ཚད་དང་བདེ་འཇགས་ལྡན་ཚད་ཆེ་རུ་ཕྱིན་ཏེ་མངའ་རིས་ས་ཁུལ་ནས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུར་རོགས་འདེགས་ཀྱང་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]