རང་ལྗོངས་ཀྱིས་ཁང་གླ་ཆག་ཡང་ངམ་རྩ་ཆག་བཏང་ནས་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་པའི་དཀའ་ངལ་སེལ་རོགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞུང་ཁོངས་ཁེ་ལས་ཀྱིས་རིམས་ནད་འགོག་ཟོན་ཁྲོད་འགན་འཁྲི་ལག་བསྟར་བྱེད་རྒྱུར་སྔར་བས་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་ཆེད།  ལྗོངས་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་པར་ཁང་གླ་ཆག་ཡང་ངམ་རྩ་ཆག་གཏོང་རྒྱུའི་ལག་བསྟར་ཇུས་གཞི་བཟོས་ནས།  ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་པའི་དཀའ་ངལ་སེལ་རོགས་བྱས་ཡོད། 
རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལེའུ་ཧྥོང་གྲེང་གིས་ངོ་སྤྲོད་གནང་བར་གཞིགས་ན།  རང་སྐྱོང་ལྗོངས་ཀྱིས་གློ་བུར་དུ་ཐོན་པའི་ཚབས་ཆེའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་དམིགས་པའི་རིམ་པ་དང་པོའི་བྱ་ཐབས་བཟུང་རྒྱུ་ཁྱབ་བསྒྲགས་མ་བྱས་གོང་གི་ཉིན་མཇུག་ཤོས་དེར་སྔར་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱེད་བཞིན་པ་དང་།  རིམས་ནད་དེས་རྐྱེན་ནས་གྱོང་གུན་ཕོག་པའི་གཞུང་ཁོངས་ཁང་པ་བོགས་མར་ལེན་མཁན་གྱི་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་པར།  ད་ལོའི་སྤྱི་ཟླ་དང་པོའི་ཚེས ༢༩ ཉིན་ནས་སྤྱི་ཟླ ༥ པའི་ཚེས ༣༡ ཉིན་བར།  ཟླ་བ་ཐོག་མ་དེའི་ཁང་གླ་རྩ་ཆག་གཏོང་རྒྱུ་དང་དེ་རྗེས་ཀྱི་ཟླ་རེའི་ཁང་གླ་ཕྱེད་ཀ་གཅོག་རྒྱུ་ཡིན་པ་དང་།  ད་ཐེངས་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་པ ༡༢༩༧ ལ་ཁྱོན་ཁང་གླ་སྒོར་ཁྲི་ཚོ ༤༢༠༨ རྩ་ཆག་གམ་ཆག་ཡང་གཏོང་རྒྱུ་རེད། 
གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པ་དང་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་གཏོང་ཆེད།  ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ནས་མ་འཇོག་བྱས་པའི་ཁེ་ལས་ཀྱིས་ཀྱང་རང་འགུལ་ངང་ཚོང་པ་དང་འབྲེལ་བ་བྱས་ཏེ།  ཚོང་པའི་དཀའ་ངལ་ཤེས་རྟོགས་བྱེད་པ་དང་ཁང་གླ་ཆག་ཡང་ངམ་རྩ་ཆག་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས།  རྒྱ་ཆེའི་ཁང་གླ་ལེན་མཁན་གྱིས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད། 
བོད་ལྗོངས་གཞུང་ཁོངས་རྒྱུ་ནོར་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ལེའུ་ཧེ་ཇུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  སྤྱི་ཟླ་དང་པོའི་ཚེས ༢༩ ཉིན་ནས་སྤྱི་ཟླ ༥ པའི་ཚེས ༣༡ ཉིན་བར་བོད་ལྗོངས་གཞུང་ཁོངས་རྒྱུ་ནོར་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིས་ཁང་གླ་ལེན་མཁན་དུད་ཚང་ ༡༩༣ ལ་ཁང་གླ་སྒོར་ཁྲི་ཚོ ༡༡༥༤ ཆག་ཡང་ངམ་རྩ་ཆག་གཏོང་རྩིས་ཡོད་པ་དང་།  དེང་སྐབས་སྒེར་གཉེར་ཚོང་པ ༡༠༡ གིས་ཁང་གླ་ཆག་ཡང་ངམ་རྩ་ཆག་གཏོང་རྒྱུའི་རེ་ཞུ་ཕུལ་ཡོད་པས་ཁང་གླ་ཁྲི་ཚོ ༡༧༡ ཆག་ཡང་ངམ་རྩ་ཆག་བཏང་ཡོད་པ་དང་།  རྗེས་མཐུད་ཀྱི་ཆག་ཡང་ངམ་རྩ་ཆག་གཏོང་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 
ཁང་གླ་ཆག་ཡང་ངམ་རྩ་ཆག་གཏོང་བའི་སྲིད་ཇུས་བཏོན་པ་དེས་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་པའི་དཀའ་ངལ་སེལ་ཐུབ་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]