ལྗོངས་སྲིད་གྲོས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གྱི་སྲོལ་ཡིག་སློབ་སྦྱོང་བྱེད་པའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་སྲིད་གྲོས་རྩ་འཛུགས་ནས་རང་ཁོངས་ལས་བྱེད་ལས་བཟོ་པ་ཡོངས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་དྲིལ་བསྒྲགས་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་ཆེད་དོན་འཆད་ཁྲིད་གནང་བ་དང་།  སློབ་ཚན་ཁྲིད་མཁན་དགེ་རྒན་ནས་སྲོལ་ཡིག་གི་དུས་འགོའི་འཆར་ཟིན་འགོད་པའི་བརྒྱུད་རིམ་དང་།  གཏན་འཁེལ་འགྲེམས་སྤེལ་བྱས་པའི་གལ་ཆེའི་དོན་སྙིང་།  གཞི་རྩའི་ནང་དོན།  ཁྱད་ཆོས་གཙོ་བོ་སོགས་ཕྱོགས་བཞིའི་ཐད་ནས་འཆད་འགྲེལ་ཞིབ་ཕྲ་གནང་བ་རེད།
རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཏེང་ཧུང་ནས།  སྲོལ་ཡིག་དེ་ཉིད་རང་ལྗོངས་ཀྱི་གལ་ཆེའི་ས་གནས་ཁྲིམས་སྲོལ་ཞིག་ཡིན་པས་སྲོལ་ཡིག་གི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་བྱས་ནས།  གཏན་འཁེལ་དང་འགྲེམས་སྤེལ་བྱས་པའི་གལ་ཆེའི་དོན་སྙིང་དང་གཞི་རྩའི་ནང་དོན།  ཁྱད་ཆོས་གཙོ་བོ་བཅས་གསལ་རྟོགས་གང་ལེགས་ཡོང་བ་བྱས་ཐོག  བསམ་བློའི་ངོས་འཛིན་སྔར་བས་གཅིག་འགྱུར་ཡོང་བ་བྱེད་པ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོ་བ།  ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས།  རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གོང་འཕེལ་དེ་བས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་བྱེད་ལས་བཟོ་པ་ཚོས།  རང་འགུལ་ངང་སྲོལ་ཡིག་གི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས།  མི་རིགས་མཐུན་སྒྲིལ་ཡར་ཐོན་ཚན་པ་གཏོད་པའི་ལས་ཀའི་ནང་ཧུར་ཐག་ཞུགས་ཏེ།  བྱ་སྤྱོད་ངོ་མའི་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]