ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་གཞི་རིམ་དུ་ལས་དོན་སྤེལ་ཕྱོགས་ཀྱི་སྦྱོང་བརྡར་སྤྲད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་སྤྱི་ལོ ༢༠༢༠ ལོའི་དུས་ཐེངས་གཉིས་པའི་དཔེ་སྟོན་སྦྱོང་བརྡར་འཛིན་གྲྭ་སྤྱི་ཟླ ༥ པའི་ཚེས ༡༩ དང་ ༢༠ ཉིན་ལྷ་སར་གཉེར་བ་དང་།  ལྗོངས་ཡོངས་ས་གནས་ཁག་གི་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་ལས་དོན་པ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ།  ཧྲུའུ་ཅི་ཨང་དང་པོ་བཅས་ཀྱི་འཐུས་མི ༡༥༠ སྦྱོང་བརྡར་ནང་ཞུགས་ཡོད།

ཆེད་དོན་འཆད་ཁྲིད་ཀྱི་རྣམ་པའི་ཐོག་ནས་སྦྱོང་བརྡར་ནང་ཞུགས་མཁན་ཚོར།  དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ།  རང་སྐྱོང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་སྲིད་ཇུས་གསལ་འགྲེལ་སོགས་ཐད་ཀྱི་སྦྱོང་བརྡར་སྤྲད་པ་རེད།  སྦྱོང་བརྡར་ནང་ཞུགས་མཁན་ཚོས་སྦྱོང་བརྡར་བྱས་འབྲས་དེ་དོན་དངོས་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་མ་ཟད།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]