རང་ལྗོངས་ནས་མཐའ་མཚམས་ཀྱི་ཉོ་ཚོང་དང་ཟོག་འདྲེན་ཐོན་ལས་ལ་ཞིབ་བཤེར་དང་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཐོན་ལས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་ཁོངས་མཐའ་མཚམས་ཀྱི་ཉོ་ཚོང་དང་ཟོག་འདྲེན་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གིས་ཉིན་ཤས་གོང་ཚོགས་འདུ་ཐེངས་དང་པོ་འཚོགས་ནས།  མཐའ་མཚམས་ཀྱི་ཉོ་ཚོང་དང་ཟོག་འདྲེན་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་དང་ཞིབ་སྲོལ།  སྤྱི་ལོ ༢༠༢༠ ལོའི་གཙོ་གནད་ལས་དོན་བཅས་ལ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་།  སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། མཐའ་མཚམས་ཀྱི་ཉོ་ཚོང་དང་ཟོག་འདྲེན་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།

ཅང་ཅེ་ནས་འབྲེལ་ཡོད་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ།  རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་དང་རྒྱལ་ཁབ་ཀྱིས་ལྷོ་ཨེ་ཤི་ཡར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བཏོད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་།  འགག་སྒོར་རིམས་ནད་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་ཏེ་ཕྱི་ཕྱོགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་ཐོག  རྒྱལ་ནང་ནས་ཡོང་མཁན་ལ་ནད་བརྟག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་ཉོ་ཚོང་ས་ཚིགས་སུ་རྟ་སྒ་ཆ་འགྲིག་གི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་མཐའ་མཚམས་ཉོ་ཚོང་བརྟན་པོ་དང་ཡག་པོ་ཡོང་རྒྱུར་སྐུལ་འདེད་ཧུང་ཐག་གཏོང་དགོས་པ།  གློག་རྡུལ་སྟེགས་བུ་འཐུས་ཚང་གཏོད་དེ་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་དྲ་ཐོག་ནས་སྒྲུབ་རྒྱུ་ཁྱབ་གདལ་བཏང་ནས།  འགག་སྒོའི་ལས་ཆོད་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་འགག་སྒོའི་ཚོང་ལས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]