ལྷུན་རྩེ་རྫོང་གིས་བཞོན་མ་གསོ་ཚགས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་བཞོན་མ་ཁྲ་ཁྲ་གསོ་ཚགས་བྱེད་པའི་རྨང་གཞིར་བརྟེན་ནས་བཞོན་མ་གསོ་ཚགས་ཀྱི་ཐོན་ལས་འཁོར་སྦྲེལ་ཧུར་ཐག་བཏོད་དེ།  ཀུང་སི་དང་རྟེན་གཞི།  དབུལ་ཕོངས་དུད་ཚང་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་ཐབས་ལམ་བརྒྱུད།  བཞོན་མ་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱས་པས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་རྒྱུ་འགན་སྲུང་བྱས་པ་རེད།

ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་བཞོན་མ་གསོ་ཚགས་རྟེན་གཞིའི་ཞིབ་དཔྱད་པ་ཉི་མ་ལྷ་འཛོམས་ཀྱིས་སློབ་ཆེན་སློབ་ཐོན་པ་གཉིས་ལ་འོ་མ་ཞིབ་དཔྱད་བྱེད་སྟངས་སློབ་བཞིན་ཡོད།  དེ་སྔ་ཉི་མ་ལྷ་འཛོམས་ཀྱི་ཁྱིམ་ནི་གྲོང་ཚོའི་ནང་གི་དབུལ་ཕོངས་དུད་ཚང་ཞིག་ཡིན་པ་དང་།  ཁོང་སློབ་ཆེན་སྒྲིམ་སྐབས་གཟན་རྩྭ་དང་སྲོག་ཆགས་ཀྱི་འཚོ་བཅུད་ཆེད་ལས་སློབ་སྦྱོང་གནང་མྱོང་ཡོད་པས།  སྤྱི་ལོ ༢༠༡༧ ལོར་སློབ་གྲྭ་ཐོན་རྗེས་ཕ་ཡུལ་གྱི་བཞོན་མ་གསོ་ཚགས་རྟེན་གཞིར་ལས་ཞུགས་ཐུབ་སྟེ་གཏན་འཇགས་ཡོང་འབབ་བྱུང་ནས་དབུལ་གྲོལ་ཐུབ་པ་དང་།  ད་ཆ་ཁོང་རྟེན་གཞི་དེའི་ལག་རྩལ་རྐང་འཛིན་པ་ཞིག་ཏུ་གྱུར་ཡོད།
སྤྱི་ལོ ༢༠༡༨ ལོར་གཉལ་གཞུང་ཚད་ལྡན་བཞོན་མ་གསོ་ཚགས་རྟེན་གཞི་བཙུགས་པ་དང་བསྟུན་ནས།  ལྷུན་རྩེ་རྫོང་གི་བཞོན་མ་གསོ་ཚགས་རྟེན་གཞི་དེ་གཞི་ཁྱོན་ཅན་དང་ཆེད་ལས་ཅན་དུ་གྱུར་བ་དང་།  རྟེན་གཞིའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དེས་ཐོན་ལས་རིམ་སྤོར་བྱུང་བ་མ་ཟད་ཐོན་ལས་འཁོར་སྦྲེལ་ཡང་རྒྱུན་མཐུད་སྣུར་སྲིང་བྱུང་སྟེ།  མང་ཚོགས་མི་ཐེངས ༥༠༠༠ ལྷག་ཙམ་ལས་ཞུགས་དང་འབབ་འཕར་སྒོར་ཁྲི་ཚོ ༥༥༠ ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ནས།  ཞིང་འབྲོག་མང་ཚོགས་རྣམས་ཐོན་ལས་བཟོ་པར་འགྱུར་བཞིན་ཡོད།  
དེང་སྐབས་ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་བཞོན་མ་གསོ་ཚགས་རྟེན་གཞིར་བཞོན་མ་མགོ་གྲངས ༡༠༣༠ ཡོད་པ་དང་།  བཞོན་མ་ཁྲ་ཁྲའི་གསོ་ཚགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས།  ལྷུན་རྩེ་རྫོང་དུ་རྩྭ་འདེབས་དང་གསོ་ཚགས།  ཞིང་འབྲོག་ཐོན་རྫས་ལས་སྣོན།  ཁྱད་ལྡན་ཐོན་རྫས་བྲིན་ཚོང་སོགས་གཞི་གཅིག་ཏུ་བསྡུས་པའི་ཐོན་ལས་འཁོར་སྦྲེལ་ཞིག་གྲུབ་ཡོད་པ་དང་།  རྟེན་གཞི་གནས་ཡུལ་གྱི་མང་ཚོགས་ལ་གླ་ཆ་དང་ས་ཞིང་བོགས་མར་བཏང་བའི་དངུལ་ལེན་རྒྱུ་ཡོད་པ་མ་ཟད་རྟེན་གཞིའི་ཁེ་སྤོགས་བགོ་འགྲེམས་ཀྱང་ཐོབ་ཀྱི་ཡོད།  
གཞན་ཡང་།  ལྷུན་རྩེ་རྫོང་གིས་བཞོན་མ་ཁྲ་ཁྲ་གསོ་ཚགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་དང་འོ་མའི་ཐོན་ཚད་མང་དུ་གཏོང་བ།  སྤུས་ལེགས་ཀྱི་དཀར་ཆུ་ཐོན་སྐྱེད་ལས་སྣོན་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད།  སྐྱེ་ལྡན་ལུད་ལས་སྣོན་བརྒྱུད་གཟན་རྩྭ་དང་འབྱུང་འཕྲོད་སྐྱེ་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་བས།  གཟན་རྩྭ་དང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཐུབ་པ་དང་ཆབས་ཅིག་རྒྱུན་མཐུད་འབབ་འཕར་གྱི་དམིགས་ཚད་སྒྲུབ་ཐུབ་བཞིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]