རང་ལྗོངས་ཀྱིས་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་པ༧༥༤༦བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོར།  རང་ལྗོངས་ཚན་པ་བདུན་གྱིས་མཉམ་འབྲེལ་ཐོག་ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུར་སྐུལ་འདེད་གཏོང་བའི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ཞེས་པ་བཀྲམས་ནས།  སྲིད་གཞུང་ནས་གཙོ་ཁྲིད་བྱེད་པ་དང་ཚན་པས་གཞོགས་འདེགས་བྱེད་པ།  སྤྱི་ཚོགས་ཐེ་ཞུགས་བྱེད་པ་བཅས་ཀྱི་ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུའི་ལམ་ལུགས་བཙུགས་ཏེ།  དམིགས་ཚད་ལས་འགན་དང་ལས་ཀའི་འཕེལ་རིམ་གསལ་བཏོན་བྱས་པས་ལྗོངས་ཡོངས་སུ་ལམ་ལུགས་མ་ལག་རགས་ཙམ་ཆགས་ཡོད།
སྨན་བཅོས་དམངས་ཕན་བྱ་ཐབས་བཟང་པོ་དེས་རང་ལྗོངས་སུ་གཅོང་ནད་ཕོག་མཁན་མང་པོར་སྟབས་བདེ་བྱུང་བ་མ་ཟད།  བོད་ཀྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་མཐའ་མའི་འགག་གནད་རིམ་བཞིན་ཐག་གཅོད་ཐུབ་ཡོད།
རང་སྐྱོང་ལྗོངས་ནས་འགན་སྲུང་རང་བཞིན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པས།  ད་བར་རང་ལྗོངས་ཀྱིས་ལྗོངས་ཡོངས་ལ་ཁྱབ་པའི་ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུའི་ཚོགས་པ ༧༥༤༦ བཙུགས་ཏེ།  མི་ཐེངས་ཁྲི་ཚོ ༢༠༥ ལྷག་ཙམ་དང་མཆན་འགོད་བྱས་པས་མཆན་འགོད་ཞབས་ཞུ་ཁྱབ་ཚད་བརྒྱ་ཆ ༦༡ ཟིན་པ་དང་།  གཙོ་གནད་མི་ཚོགས་ལ་མཆན་འགོད་ཞབས་ཞུ་ཁྱབ་ཚད་བརྒྱ་ཆ ༨༤.༥ ཟིན་པ་མ་ཟད།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་ཚང་མར་མཆན་འགོད་ཞབས་ཞུ་ཁྱབ་ཐུབ་ཡོད།
ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱིས་མཆན་འགོད་ཞབས་ཞུའི་དགོས་མཁོར་གཞིགས་ཏེ་སྤྱི་པའི་འཕྲོད་བསྟེན་དང་མཁོ་ཆོད།  བོད་ལུགས་གསོ་རིག་བཅས་མཉམ་འདྲེས་ཏན་ཏིག་བྱེད་པ་དང་མཆན་འགོད་དང་སྨན་བཅོས།  གཅོང་ནད་དོ་དམ།  ཁྱད་ལྡན་བོད་ལུགས་སྨན་བཅོས་བཅས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་ནས་མཆན་འགོད་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་འགྲོ་ལུགས་ཁག་སྟབས་བདེ་རུ་བཏང་བས།  མཆན་འགོད་མང་ཚོགས་ཚོས་ཁ་པར་བརྒྱུད་སྨན་བཅོས་དུས་ཚོད་ཁ་ཆད་བྱེད་པ་དང་བདེ་ཐང་བློ་འདྲི་བྱེད་པ།  ངོ་བཅར་ཞབས་ཞུ།  ནད་གཞི་ལྕི་བ་སྨན་བཅོས་སོགས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་ཆབས་ཅིག  གནས་གཅིག་ནས་གཟུགས་པོ་བརྟག་དཔྱད་དང་སྔོན་ཁབ་རྒྱག་པ།  སྨན་བཅོས་བཅས་ཐུབ་པ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  སྨན་པ་དང་ནད་སྐྱོང་བ།  སྤྱི་པའི་འཕྲོད་བསྟེན་པ་བཅས་ཟུང་དུ་འབྲེལ་བའི་གཞི་རྩའི་ལས་དོན་སྤེལ་སྟངས་ལ་གཞིགས་ཏེ།  སྨན་བཅོས་ཐོབ་ཐང་ཡོད་མིན་དེ་ལྗོངས་ཡོངས་ཀྱི་ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུའི་གཞི་རྩའི་ཆ་རྐྱེན་ལ་རྩིས་པ་དང་སྦྲགས།  ཤང་འཕྲོད་བསྟེན་ཁང་གི་སྨན་པ་རྣམས་ཁྱིམ་ཚང་སྨན་པའི་ཚོགས་པའི་ནང་ཞུགས་རྒྱུའི་བླང་བྱ་བཏོན་པས།  གཞི་རིམ་གྱི་ལས་དོན་པ་ཁ་ཐང་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཞིང་ལས་ཀའི་ལག་ལེན་ཁྲོད་སྨན་དོན་པར་རིམ་བཞིན་མཁོ་ཆོད་ཀྱི་འདུ་ཤེས་འཇགས་ཐུབ་ཡོད།
དེང་སྐབས་རང་ལྗོངས་ཀྱི་མཆན་འགོད་ཁྱིམ་ཚང་སྨན་པའི་འགན་སྒྲུབ་ཞབས་ཞུའི་སྤུས་ཚད་མཐོ་པོ་དེ་ཙམ་མེད་པས་མང་ཚོགས་ཚོས་ཡིད་ཆེས་དེ་ཙམ་ཆེན་པོ་བྱེད་ཀྱི་མེད་རྐྱེན།  སླད་ཕྱིན་ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུའི་ལས་དོན་སྤེལ་སྐབས་མཆན་འགོད་བྱེད་ཚད་དང་ཁྱབ་ཚད་བརྟན་པོ་ཡོང་བ་བྱེད་པའི་རྨང་གཞིའི་ཐོག  ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཁྱིམ་ཚང་སྨན་པའི་དཔུང་ཁག་གསོ་སྐྱོང་ལ་སྣང་ཆེན་བྱེད་རྒྱུ་གཉིས་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ལ་བརྩི་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]