རང་ལྗོངས་སུ་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་ལོག་ཐེབས་རྒྱུ་བཀག་འགོག་བྱེད་པའི་ཇུས་གཞི་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ཀྱིས་སྨན་བཅོས་འགན་ལེན་ལམ་ལུགས་ཀྱི་བྱེད་ནུས་ལ་བརྟེན་ནས་དབུལ་ཕོངས་མི་འབོར་ལ་གནད་འཁེལ་སྨན་བཅོས་ཐུབ་པ་བྱ་ཆེད།  བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་ལོག་ཐེབས་རྒྱུ་བཀག་འགོག་བྱེད་པའི་ལས་ཀའི་ཇུས་གཞི་ཆེད་མངགས་བཟོས་པ་རེད། 
ཇུས་གཞི་དེའི་ནང་གཙོ་གནད་ཐོག་དབུལ་ཕོངས་མི་འབོར་དང་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་ལོག་ཐེབས་ཉེན་ཡོད་པའི་ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་ནད་གཞི་ཚབས་ཆེན་ཕོག་མཁན་མང་ཚོགས་སོགས་ལ་དམིགས་ནས།  ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་དབུལ་ཕོངས་མི་འབོར་འགན་ལེན་ནང་ཞུགས་སུ་བཅུག་ནས་གྲོན་དངུལ་འཇལ་བ་དང་སྨན་པ་བསྟེན་པ།  ཐོབ་ཐང་འགན་ལེན།  གྲོན་དངུལ་མཇུག་རྩིས་སོགས་གནས་ཚུལ་ལ་སྐབས་དོན་གྱི་ལྟ་ཞིབ་ཚད་ལེན་དང་དུས་བཀག་བཀོད་གཏོང་།  ཚོར་སྣང་མགྱོགས་པ་སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ནས་སྨན་བཅོས་འགན་ལེན་གྱི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་གང་ཐུབ་བྱས་ཡོད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་ལྗོངས་ཡོངས་སུ་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་ལོག་ཐེབས་མཁན་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར ༦༣༣༠༠ ལ་གནད་འཕིགས་སྐྱོབ་བཅོས་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]