རང་ལྗོངས་སུ་ཡོད་པའི་ཞིང་ཆེན་རིམ་པའི་དབུ་ཁྲིད་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གསན་གཟིགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༢ ཉིན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་དང་།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས་གཅིག་བསྡུས་ཐོག་འགོ་ཚུགས་ཚོགས་འདུའི་གནས་ཚུལ་གསན་གཟིགས་གནང་ནས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཇང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་པ་རེད།  

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་རྣམ་གཉིས་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ནོར་བུ་དོན་གྲུབ་དང་ཅང་ཅེ།  པད་མ་དབང་འདུས།  ལེའུ་ཅང་།  གྲེན་ཡུང་ཇི་བཅས་རང་སྐྱོང་ལྗོངས་ཀྱི་ཚོགས་ར་གཙོ་བོ་དང་ཡང་ན་གྲོང་ཁྱེར༼ས་ཁུལ༽ཁག་དང་རྫོང་༼ཆུས༽ཁག་བཅས་ཀྱི་ཡན་ལག་ཚོགས་རར་ཕེབས་ཡོད། 
འགོ་ཚུགས་ཚོགས་འདུའི་གནས་ཚུལ་གསན་གཟིགས་གྲུབ་རྗེས་ཏིང་གཡས་ཤན་གྱིས་བརྙན་ལམ་སྦྲེལ་མཐུད་བརྒྱུད་གྲོང་ཁྱེར༼ས་ཁུལ༽ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྙན་ཞུ་གསན་པ་རེད།  ཏིང་གཡས་ཤན་གྱིས་ལྗོངས་ཡོངས་སུ
་རིམ་ཁག་ཚན་པ་ཁག་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།  ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གཙོ་བོར་བརྩིས་ནས།  ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ་བརྗོད་དོན་གཙོ་བོ་དང་དགོངས་གཞི་གཙོ་བོ་མཆོག་ཏུ་འཛིན་དགོས་པ།  རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་རྒྱལ་དོན་གནད་ཆེར་འཛིན་མཁན་མིག་དཔེར་འཛིན་པ་དང་།  རང་འགུལ་ལས་དོན་སྤེལ་ཏེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པ།  རིམ་ཁག་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བ་བྱེད་པ་ལས།  ནོར་འཛོལ་གཏན་ནས་མི་ཡོང་བ་བྱས་ཏེ།  ཏང་ཀྲུང་དབྱང་གི་སེམས་ཁྲལ་སེལ་བ་དང་རྒྱལ་ཡོངས་ཚོགས་འདུ་གཉིས་བདེ་བླག་ངང་འཚོག་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
ཀྲོང་ཡན་གྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྤེལ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་རེད།

གཞན་ཡང་། སྤྱི་ཚེས ༢༡ ཉིན།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གཅིག་བསྡུས་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུའི་གནས་ཚུལ་ལྟ་ཉན་བྱེད་པའི་བྱེད་སྒོ་སྤེལ་བ་དང་།  ཏིང་གཡས་ཤན་དང་ཀའོ་ཡང་།  སྒྲོལ་དཀར་བཅས་གཅིག་བསྡུས་ལྟ་ཉན་བྱེད་སྒོར་ཞུགས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]