རྒྱལ་ཡོངས་སྲིད་གྲོས་སྐབས༡༣པའི་ཚོཌ་འདུ་ཐེངས་གསུམ་པས་མུ་མཐུད་ཚོཌ་ཆུང་ཁག་བགོས་ངང་གྲོས་བསྡུར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༢༣ ཉིན།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ངང་གྲོས་བསྡུར་བྱས་པ་དང་།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་བསྟན་ཁོ་སོགས་ཀྱིས་ཨུ་ཡོན་རིགས་གྲས་ཁག་གིས་གྲོས་བསྡུར་ནང་ཞུགས་པ་རེད།

ཨུ་ཡོན་རྣམ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཧྲིལ་པོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་ཅིང་།  མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་དང་འགན་སེམས་ཆེན་པོ་མངོན་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པ་དང་།  སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནི་དོན་གཉེར་གནད་འཕིགས་ཡིན་པ།  འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་བཟོ་ཚུལ་ཚན་རིག་དང་མཐུན་པ་དང་ལག་བསྟར་བྱས་ན་ཆོག་པ།  དམངས་དོན་སྐོར་གྱི་ཁྲིམས་གཞུང་འཆར་ཟིན་དེ་ནི་མི་དམངས་བདེ་སྡོད་ལས་ཞེན་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

ཨུ་ཡོན་ཚོས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་ཀའི་ལྟེ་བའི་ལྷུ་ཚིགས་སུ་རྩིས་ནས།  ལེགས་ཆ་འདོན་སྤེལ་དང་སེམས་ནུས་གཅིག་སྒྲིལ།  འབད་འབུངས་དོན་གཉེར་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]