སྙུང་གནས་ཟླ་བ་འཆར་ཉེའི་མཚམས་སུ་ལི་ཝུན་ཧན་ནས་མུ་སི་ལིམ་མང་ཚོཌ་ལ་འཚམ་འདྲི་ཞུས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་གཅིག་དུས་གཅིག་གི་མུ་སི་ལིམ་མང་ཚོགས་ཚོའི་སྙུང་གནས་དུས་ཚོད་སླེབས་ཉེར་ཡོད་པའི་མཚམས་སུ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་གྱིས།  ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ལྗོངས་ཆོས་ལུགས་ལས་དོན་ཅུད།  ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ལས་གྲུབ་པའི་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ་མུ་སི་ལིམ་ཕྱག་འཚལ་ཁང་དུ་ཕེབས་ནས་མུ་སི་ལིམ་མང་ཚོགས་ལ་འཚམ་འདྲི་གནང་བ་རེད།  
ལས་དོན་ཚོགས་ཆུང་གིས་ད་ལྟ་ནི་རྒྱལ་ཡོངས་ཚོགས་འདུ་གཉིས་ཚོགས་པའི་སྒང་ཡིན་པས་རྒྱ་ཆེའི་མུ་སི་ལིམ་མང་ཚོགས་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།  རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་དུས་བབ་ཀྱི་བླང་བྱར་བཏང་འཛིན་ཡང་དག་བྱེད་དགོས་པ་དང་།  ཁྲིམས་སྐྱོང་གི་འདུ་ཤེས་བཙུགས་ཏེ་ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་ཁྲིམས་ལྟར་ཆོས་ལུགས་བྱ་བ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ།  ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་རླབས་ཆེའི་བྱ་གཞག་ནང་ཧུར་ཐག་ཞུགས་དགོས་པ།  ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་དང་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་གཉིས་དང་དམ་པོར་བསྟུན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་གྲ་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།  
   
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]