ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༤ ཉིན།  ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏམ་བཤད་གནང་སྐབས།  རྒྱལ་ཁབ་ནས་ལོ་ལྔ་ཚན་བཅུ་བཞི་པའི་རིང་མུ་མཐུད་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་བྱེད་རྒྱུར་གཞོགས་འདེགས་བྱས་ཏེ།  དཔལ་འབྱོར་དང་སྤྱི་ཚོགས་སྤུས་ལེགས་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད། 
ཉི་མ་བཀྲ་ཤིས་ནས་སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་ཏུ་བོད་ཀྱི་དབུལ་ཕོངས་མི་འབོར་ཁྲི་ཚོ ༦༢.༨ ཚང་མ་དབུལ་གྲོལ་བྱུང་བ་དང་།  དབུལ་ཕོངས་རྫོང་༼ཆུས༽ ༧༤ ཡོངས་དབུལ་ཞྭ་ཕུད་ཐུབ་ཡོད།  དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་གྱི་དུས་ཐུང་ལོ་དྲུག་ཅུའི་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད་པ་དང་།  བོད་ཀྱིས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་ད་ཆ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད།  དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བོད་དུ་ལག་ལེན་ཡག་པོ་བྱུང་བ་གང་ལེགས་མངོན་པ་དང་།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་གྱི་ཡོད་ཅེས་གསུངས། 
ཉི་མ་བཀྲ་ཤིས་ནས་དབུལ་གྲོལ་གྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མ་རེད་ལ་གྲུབ་འབྲས་དེ་སྲ་བརྟན་དུ་གཏོང་རྒྱུ་ནི་དེ་བས་ཀྱང་དཀའ་ཚེགས་ཆེན་པོ་ཡོད།  རང་བྱུང་ཁོར་ཡུག་གི་ཆ་རྐྱེན་གྱི་ཞན་པ་དང་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གྱི་རྨང་གཞི་ཞན་པ།  རང་ངོས་གོང་འཕེལ་གྱི་ནུས་པ་ཞན་པ་བཅས་ལས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུར་དཀའ་ངལ་དེ་བས་ཆེ་རུ་ཕྱིན་སྟབས།  གངས་ལྗོངས་ཀྱི་བུ་ཕྲུག་ཚོས་ལས་བརྩོན་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས།  བླ་ན་མེད་པའི་རྒྱལ་ཁོངས་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྐྲུན་དགོས་ཞེས་གསུངས། 
ཉི་མ་བཀྲ་ཤིས་ནས་ཡར་ཀླུང་གཙང་པོ་རྒྱུག་ཁོངས་ཀྱི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་རྒྱུ་དང་རོང་ཁུལ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་ནས།  ས་གོ་ལའི་གླིང་སྣེ་གསུམ་པ་དང་ཨེ་ཤི་ཡའི་ཆུ་སྤེའི་ནུས་པ་སྲུང་སྐྱོང་བྱེད་རྒྱུས་གཙོ་ཐིག་བྱས་ཏེ།  ཡར་ཀླུང་གཙང་པོ་རྒྱུག་ཁོངས་ཀྱི་སྐྱེ་ཁམས་ནུས་པ་མཐོ་རུ་གཏོང་རྒྱུ་དང་།  སྤྱི་ཚོགས་དང་དཔལ་འབྱོར་སྤུས་ལེགས་ངང་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་།  ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུས་གཙོ་ཐིག་བྱས་ཏེ།  ཡར་ཀླུང་གཙང་པོ་རྒྱུག་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།  ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་འགན་ལེན་མ་ལག་འཛུགས་སྐྲུན་གྱི་གལ་ཆེའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ནས།  གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་དང་ཞིང་འབྲོག་མི་དམངས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]