རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་རང་ལྗོངས་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་འཛམ་གླིང་གི་ཡང་རྩེ་སྔར་བཞིན་བརྗིད་ཆགས་མཛེས་སྡུག་ལྡན་ལ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་ནས།  བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞེས་བཏོན་ཡོད། 
པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་དབང་འདུས་ནས།  ཉིང་ཁྲི་ནི་བོད་ཀྱི་སྐྱེ་ཁམས་ནུས་པ་ཆ་ཚང་ཤོས་དང་སྐྱེ་ཁམས་ཁོར་ཡུག་ལེགས་ཤོས་ཀྱི་ས་ཆ་ཞིག་ཡིན་པས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ངེས་པར་དུ་རང་འགན་ནན་པོ་དཀྲི་བ་དང་ཚད་གཞི་མཐོ་རུ་གཏོང་དགོས་ཅེས་གསུངས་པ་རེད། 
དབང་འདུས་ནས།  ཉིང་ཁྲི་གྲོང་ཁྱེར་གྱིས་ཆོག་འཐུས་ལམ་ལུགས་ནན་ཤོས་མུ་མཐུད་ལག་བསྟར་བྱས་ཏེ་མཐོ་བ་གསུམ་དང་དམའ་བ་གཅིག་གི་ཁེ་ལས་དང་རྣམ་གྲངས་ཉིང་ཁྲིར་སྤེལ་རྒྱུ་གཏན་འགོག་དང་།  ནགས་ཤིང་གང་བྱུང་དུ་གཅོད་པ་དང་།  ནགས་ཚལ་ལ་གཏོར་སྐྱོན་དང་རྐུ་རྒྱག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ།  དམངས་ཡོངས་ཀྱི་ནགས་བཟོའི་བྱེད་སྒོ་ལག་བསྟར་གཏིང་ཟབ་བཅས་བྱས་པས་ཉེ་བའི་ལོ་ལྔའི་ནང་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་མུའུ་ཁྲི་ཚོ ༣༠ ལས་བརྒལ་ཡོད་པ་དང་གྲོང་ཁྱེར་དེ་ཡོངས་སུ་ནགས་ཚལ་ཁྱབ་ཚད་བརྒྱ་ཆ ༥༣.༦ ཟིན་ཡོད་ཅེས་གསུངས་པ་དང་སྦྲགས།  ཉིང་ཁྲི་གྲོང་ཁྱེར་གྱིས་གོང་འཕེལ་དང་སྐྱེ་ཁམས་ཀྱི་མཐའ་ཚད་དེ་གཉིས་མུ་མཐུད་ནན་པོ་སྲུང་ནས་ཉིང་ཁྲིའི་ནམ་མཁའ་སྔོ་ཞིང་དྭངས་བ་དང་ཆུ་མོ་དྭངས་ཤིང་གཙང་བ།  ས་གཞི་སྔོ་ཞིང་ལྗང་བ་བཅས་ཡོང་བ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཉིང་ཁྲིའི་ལེའུ་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད། 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཕུར་བུ་དོན་གྲུབ་ནས།  ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཁྲོད་རི་ཆུ་གཅིག་ལ་གཅིག་བརྟེན་དང་ཁོར་ཡུག་མཛེས་པའི་འབྱོར་འབྲིང་གྲོང་ཚོ་གཏོད་པ་དང་ཆབས་ཅིག  སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ལྷུན་རྩེའི་རྩ་རི་དང་ལྷོ་བྲག་གི་ལ་རྒྱབ།  མཚོ་སྣའི་ལེགས་པོ་སོགས་གྲོང་ཚོར་ཞིང་པའི་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་གིས་གཙོ་བོ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་གཙོ་གནད་ཐོག་གོང་འཕེལ་བཏང་ནས།  མཐའ་མཚམས་མང་ཚོགས་ཕྱུག་པོ་ཆགས་ཏེ་སྐྱེ་ཁམས་མཛེས་སྡུག་ལྡན་ཞིང་མང་ཚོགས་ཕྱུག་པོའི་ཞི་མཐུན་གཅིག་འགྱུར་ཐུབ་ཡོད།  གོམ་སྟབས་རྗེས་མར་ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས།  མཐའ་མཚམས་མང་ཚོགས་ལ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཁྲོད་སྐྱེ་ཁམས་ཀྱི་ཡོང་འབབ་ཡོད་པ་དང་།  སྐྱེ་ཁམས་ལ་བརྟེན་ནས་མཐའ་མཚམས་ཕྱུག་འགྱུར་ཡོང་བའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་གྲན་ཅུན་ནས།  ད་ལོ་ངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་གཙང་བཟོ་རིགས་དབྱེས་ཚད་གཞི་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཟུང་འབྲེལ་བྱེད་རྒྱུའི་གྲོས་འགོ་ཞིག་བཏོན་ཡོད་པས།  གྲོས་འགོ་འདིའི་ཐོག་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཇོན་ནས།  ད་རེས་ངས་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་གི་བོད་ལྗོངས་ཁུལ་གང་མགྱོགས་གཏོད་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་བཏོན་ཡོད་པས།  གཙང་གསུམ་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་མཉམ་འཛུགས་མཉམ་སྲུང་མངོན་འགྱུར་ཐུབ་ནས་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་སྤེལ་ནུས་ལྡན་བཏང་སྟེ།  རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་པོ་འཛུགས་ཐུབ་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]