རང་ལྗོངས་ཀྱིས་ས་ངན་ཁུལ་སྤྱི་ཡོངས་གྲོང་ཁྱེར་སྒྲོལ་ཏེ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་ནོར་བུ་དོན་གྲུབ་ཀྱིས་ས་ངན་ཁུལ་སྤྱི་ཡོངས་གྲོང་ཁྱེར་སྒྲོལ་ཏེ་གནས་སྤོས་དབུལ་སྐྱོར་བྱེད་པའི་རང་སྐྱོང་ལྗོངས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་བསྐོང་འཚོགས་གནང་བ་དང་།  ཚོགས་འདུའི་ཐོག་ས་ངན་ཁུལ་སྤྱི་ཡོངས་གྲོང་ཁྱེར་སྒྲོལ་ཏེ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཀྱི་ཁ་གསབ་གྲོས་འགོར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད།  འབྲེལ་ཡོད་ལས་ཀའི་འཕེལ་རིམ་སྙན་ཞུ་ཉན་ཞིང་སྐུལ་འདེད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་རྒྱལ་མཚན་དང་འཇམ་དཔལ་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།

ནོར་བུ་དོན་གྲུབ་ནས།  ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱབ་ཏེ་ཐེམ་ཐོ་སྤོ་འགྱུར་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ།  ཐོན་སྐྱེད་རྒྱུ་ཆ།  འབྲེལ་ཡོད་གཞུང་ཞབས་པའི་སྒྲིག་ཁོངས་ལེགས་སྒྲིག་སྤོ་འགྱུར་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ངང་ཡག་པོ་སྒྲུབ་དགོས་པ་དང་།  གནས་སྤོས་མང་ཚོགས་ཀྱི་ལྟ་བ་འགྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས།  གནད་འཕིགས་བཅས་ཐུབ་པ་བྱས་ཐོག་ཞིང་འབྲོག་མང་ཚོགས་གནས་འགྱུར་ལས་ཞུགས་ཐུབ་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་གནས་སྤོས་མང་ཚོགས་རྣམས་གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པ།  ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་མ་ཟད།  སྲིད་ཇུས་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་དང་སློབ་གསོ།  སྨན་བཅོས།  སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་།  གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཉིད་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་འཁྲིད་བྱེད་མཁན་བློས་འགེལ་ཆོག་པའི་རོགས་པ་བཟང་པོ་ཞིག་ཏུ་སྐྲུན་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]