ལྗོངས་ཡོངས་སློབ་ཆུང་དང་བུ་བཅོལ་ཁང་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དྲུག་གཅིག་དགའ་གཏོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༡ ཉིན་ནི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཡིན་པ་དང་།  ལྗོངས་ཡོངས་གྲོང་ཁྱེར༼ས་ཁུལ༽ཁག་གི་སློབ་ཆུང་དང་བུ་བཅོལ་ཁང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ།  སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་ཐེ་ཞུགས་ངང་ལྗོངས་ཡོངས་ཀྱི་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་ཡོད་པ་རེད།  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བས།  བོད་བྱང་ཐང་ནག་ཆུ་གྲོང་ཁྱེར་སློབ་ཆུང་གཉིས་པའི་དགེ་སློབ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།  སློབ་གྲྭ་དེ་ཡོངས་ཀྱི་དགེ་སློབ་ཚང་མ་མཉམ་འཛོམས་ངང་དྲུག་གཅིག་བྱིས་པའི་དུས་ཆེན་གཏོང་བ་དང་།  ཚང་མས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་སློབ་སྦྱོང་ཡག་པོ་བྱས་ཏེ་སླད་ཕྱིན་རྒྱལ་ཁབ་དང་མི་དམངས།  སྤྱི་ཚོགས་བཅས་ལ་ཕན་ཐོགས་མཁན་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་བཤད། 
ལོ་རིམ་དྲུག་པའི་འཛིན་གྲྭ་དྲུག་པའི་སློབ་མ་དཀོན་མཆོག་བསམ་གྲུབ་ནས།  ངས་སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་མངག་བཅོལ་སེམས་ལ་བརྟན་པོ་བཅངས་ཏེ།  སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་ཞིག་བྱེད་ཀྱི་ཡིན་ཞེས་བཤད། 
དགེ་རྒན་ཚེ་རིང་དགའ་མོས་དགེ་རྒན་ཞིག་གི་ངོས་ནས།  ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་ཚོར་གནང་བའི་དུས་ཆེན་གྱི་སྨོན་ཚིག་ལྟར་ལོ་ཆུང་བྱིས་པ་ཚོར་བྱམས་སྐྱོང་བྱེད་པ་དང་།  ལོ་ཆུང་བྱིས་པའི་འཚར་ལོངས་ཆེད་ཆ་རྐྱེན་བཟང་པོ་སྐྲུན་ནས་སློབ་གསོ་བསྒྱུར་བཅོས་ལ་སྐུལ་འདེད་རྒྱུན་མི་ཆད་པར་བཏང་སྟེ་བྱིས་པའི་འཚང་ལོངས་ལ་རྨང་གཞི་འདིང་རྒྱུ་ཡིན་ཞེས་བཤད། 
སྤྱི་ཟླ ༦ ཚེས ༡ ཉིན།  བདེ་སྐྱིད་ལམ་བུའི་སྐལ་བཟང་མེ་ཏོག་ཅེས་པའི་ལྗོངས་ཡོངས་ཀྱི་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་གྱི་མཛེས་རྩལ་ཆེད་དོན་འགྲེམས་སྟོན་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་འགོ་ཚུགས་པ་དང་།  འགྲེམས་སྟོན་ནང་ལྗོངས་ཡོངས་ཀྱི་བྱིས་པ་ཚོའི་མཛེས་ལྗོངས་རི་མོ་སོགས་ཀྱི་བརྩམས་ཆོས ༣༠༠ ལྷག་ཙམ་འགྲེམས་སྟོན་བྱས་ཡོད། 
བྱིས་པ་བསྟན་འཛིན་རིན་རྒྱལ་གྱིས་ངས་སྐམ་མཚོ་མཁའ་གསུམ་ལས་གྲུབ་པའི་འཛམ་གླིང་ཆུང་ཆུང་ཞེས་པའི་རི་མོའི་བརྩམས་ཆོས་བརྒྱུད།  ས་གོ་ལའི་ཐོག་གི་སྲོག་ཆགས་ཆུང་ཆུང་དག་ང་ཚོ་དང་མཉམ་དུ་ཞི་མཐུན་ངང་འཚོ་སྡོད་ཐུབ་པའི་རེ་སྨོན་མཚོན་པའི་བརྩམས་ཆོས་དེར།  འགྲེམས་སྟོན་ཐོག་བྱ་དགའ་ཨང་གཉིས་པ་རགས་བྱུང་བ་དེ་ནི་དུས་ཆེན་གྱི་ལག་རྟགས་ཡག་ཤོས་དེ་ཡིན་ཞེས་བརྗོད། 
སློབ་མ་སྐར་མ་བསྟན་འཕེལ་གྱིས་ཕ་མའི་མདུན་དུ་རང་ཉིད་ཀྱི་རྩལ་ནུས་ངོམ་རྒྱུ་བྱུང་བ་ནི་སྤོབས་པ་བསྐྱེད་འོས་པ་ཞིག་རེད་ཅེས་བཤད། 
ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་སློབ་གྲྭས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མེས་རྒྱལ་བཟང་།  ཕ་ཡུལ་མཛེས།  བྱིས་པ་སྤྲོ།  འཚར་ལོངས་ཡག་བཅས་ཀྱི་གཙོ་དོན་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་བ་རེད། 
སློབ་མ་ཚོས་ལུས་སྦྱོང་ལུས་རྩལ་དང་ཞབས་བྲོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བརྒྱུད་ཁོང་ཚོའི་རྩལ་ནུས་མངོན་པར་བྱས་པ་རེད།  སློབ་མ་པད་མ་གཡུ་དགས་ད་རེས་ཀྱི་བྱེད་སྒོའི་ཐོག་ངས་གཙོ་སྐྱོང་པ་བྱས་པ་མ་ཟད་རིག་རྩལ་འཁྲབ་སྟོན་ནང་ཡང་ཞུགས་པ་ཡིན།  སླད་ཕྱིན་ང་ཚོའི་སློབ་གྲྭས་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད། 
སྤྱི་ཟླ ༦ ཚེས ༡ ཉིན།  སློབ་གྲྭ་མང་པོས་ལོ་ཆུང་གདོང་ཆེན་རུ་ཁག་ནང་ཞུགས་པའི་མཛད་སྒོ་གཉེར་བ་རེད།  ལྷ་ས་པེ་ཅིང་སློབ་ཆུང་གི་སློབ་མ་ཡུའུ་ཞའོ་ཀྲའུ་ཡིས་དེ་རིང་ང་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པས་སྤོབས་པ་ཆེན་པོ་སྐྱེས་བྱུང་ཞེས་བཤད། 
ཆབ་མདོ་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་མ་བཀྲ་ཤིས་སྒྲོལ་དཀར་གྱིས།  ང་ཚོས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་ངང་སློབ་སྦྱོང་ཡག་པོ་བྱས་ཏེ།  སླད་ཕྱིན་མེས་རྒྱལ་གྱི་བཀའ་དྲིན་འཇལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]