བོད་ཀྱི་ལས་བྱེད་མང་ཚོགས་ཚོས་སྣ་མང་བྱེད་སྒོ་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༩འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་འཁྲུངས་སྐར་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་གི་ལས་བྱེད་མང་ཚོགས་ཚོས་ཕུན་སུམ་ཚོགས་པའི་བྱེད་སྒོ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བར་རྟེན་འབྲེལ་ཞུས་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དུ་ཏང་ཡོན་གསར་པས་ཏང་ནང་ཞུགས་པའི་དམ་བཅའ་བཞག་པ་དང་ཏང་ཡོན་རྒན་གྲས་ཀྱིས་ཏང་ནང་ཞུགས་སྐབས་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས་པ་བརྒྱུད།  རྒྱ་ཆེའི་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི་ཕུགས་བསམ་དང་དད་སེམས་མངོན་པར་བྱས་ཡོད།  བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་ཐོག་ནས་ཏང་གི་རླབས་ཆེའི་མཛད་རྗེས་ལ་བསྟོད་གླུ་འབུལ་བ་དང་།  ཐུན་མོང་ཐོག་ཏང་གི་བཀའ་དྲིན་ཚོར་བ་བྱས་ཏེ་ཏང་གི་འཁྲུངས་སྐར་ལ་སྨོན་འདུན་ཟབ་མོ་ཞུས་ཡོད།  གྲྭ་བཞི་སྡེ་ཁུལ་ཧུང་ཧྲེང་ཁུལ་ཆུང་གི་ཡུལ་མི་སྲི་ཆོད་ཀྱིས།  ད་ལྟ་རྒྱལ་ཁབ་སྟོབས་ཆེར་ཕྱིན་པ་དང་མི་དམངས་བདེ་སྐྱིད་ལྡན་པ་ཞིག་བྱུང་ཡོད་པས།  དེ་རིང་ང་ཚོས་འདི་གར་ཏང་དང་མེས་རྒྱལ་ལ་བསྟོད་གླུ་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བར་རྟེན་འབྲེལ་ཞུས་ཏེ་མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་རྒྱུའི་སྨོན་འདུན་ཞུས་ཡོད་བཅས་གསུངས།

ཏང་གི་འཁྲུངས་སྐར་ཉིན་མོ་འཆར་ལ་ཉེ་བའི་སྐབས་སུ།  གནས་སྤོས་བྱས་མ་ཐག་པའི་ནག་ཆུ་གྲོང་ཁྱེར་གྲོང་བྱང་གནས་སྤོས་དབུལ་སྐྱོར་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་གནས་སྤོས་མང་ཚོགས་སྟོང་ཁ་ལོན་པས།  ལག་དུ་རྒྱལ་དར་དང་ཏང་དར་འཁྱེར་ནས་ཏང་ཀྲེ་པུའི་གྲོང་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ཡོད།  བདམས་ཐོན་བྱུང་བའི་གྲོང་ཚོའི་ཨུད་གཉིས་ཚན་ཁག་གིས།  གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གཞི་རིམ་གྱི་གྲོང་ཚོའི་རྩ་འཛུགས་འཐུས་སྒོ་ཚང་དུ་བཏང་ནས།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ཆེད་འཐབ་རྩོད་ཀྱི་མཁར་རྫོང་བཏོད་དེ་ཏང་གི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་རྒྱུ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་རྩལ་གྱི་བྱེད་སྒོ་སྤེལ་ནས།  རིག་གནས་ཀྱིས་དམངས་ལ་ཕན་བཏགས་ཏེ་དབུལ་གྲོལ་འགག་སྒྲོལ་ལ་གཞོགས་འདེགས་བྱེད་པའི་རིག་རྩལ་འཁྲབ་སྟོན་ནང་།  འཁྲབ་སྟོན་པ་ཚོས་གསར་རྩོམ་བྱས་པའི་འཁྲབ་ཚན་ཚང་མར་དུས་ཆེན་དགའ་གཏོང་གི་རྣམ་པས་ཁེངས་ནས་ཡོད།  ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་གཞས་མ་ཚེ་རིང་གཡང་འཛོམས་ཀྱིས།  ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་འོག་ང་ཚོར་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་ཡོད།  ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་གྲབས་ཡོད་པའི་མཚམས་སུ།  རླབས་ཆེན་ཏང་གི་འཁྲུངས་སྐར་ལ་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]