རང་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༩འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོཌ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་འཁྲུངས་སྐར་ཉིན་མོ་འཆར་ལ་ཉེ་བའི་མཚམས་སུ།  རང་ལྗོངས་ས་གནས་ཁག་དང་རིམ་ཁག་ཚན་པ་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བར་རྟེན་འབྲེལ་ཞུས་ཡོད།

སྤྱི་ཟླ ༦ པའི་ཚེས ༢༨ ཉིན།  རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་ལས་ཁུངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཨུ་ལྷན་རྩ་འཛུགས་གཞུང་ལས་ཐིང་གི་ཏང་དང་གཞོན་ནུ་སྡེ་ཚོགས་ཀྱི་ལས་བྱེད་པས།  སྲིད་གཞུང་གཞུང་ལས་ཐིང་ནས་གཉེར་བའི་ཏང་དབུ་བརྙེས་པའི་དུས་ཆེན་དང་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་འབྱུང་འཕྲོད་ཁྱིམ་གཞིས་མཉམ་སྐྲུན་བྱེད་ཅེས་པའི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ཡོད།  དེ་ཉིན་སྔ་དྲོ་གཞུང་ལས་ཐིང་གི་ཏང་དང་གཞོན་ནུ་སྡེ་ཚོགས་ཀྱི་ལས་བྱེད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་གད་སྙིགས་རིགས་དབྱེའི་འགྲེམས་སྟོན་ཐིང་དུ་ལྟ་སྐོར་ལ་བསྐྱོད་དེ།  གད་སྙིགས་རིགས་དབྱེའི་བྱ་ཐབས་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད།  གད་སྙིགས་རིགས་དབྱེའི་ཤེས་བྱའི་དྲི་ལན་འདེབས་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཡོད།  དེ་རྗེས་ཚང་མ་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་སུ་གད་སྙིགས་སྒྲུག་པའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བར་བསྐྱོད་ཡོད།  བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཚང་མས་གད་སྙིགས་རིགས་དབྱེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་།  གད་སྙིགས་རིགས་དབྱེའི་ཤེས་བྱ་ཤེས་པ་མ་ཟད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད།

སྤྱི་ཟླ ༦ པའི་ཚེས ༢༩ ཉིན།  རང་སྐྱོང་ལྗོངས་སྲིད་གྲོས་རྩ་འཛུགས་ཀྱིས་ལས་ཁུངས་སུ་ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རའི་གད་སྙིགས་གཙང་སེལ་དང་ཁོར་ཡུག་ལེགས་བཅོས།  འདམ་ར་སྲུང་སྐྱོང་བཅས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ།  བྱ་སྤྱོད་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བར་བསུ་བ་ཞུས་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་རྒྱུར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

སྤྱི་ཟླ ༦ པའི་ཚེས ༣༠ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བར་དྲན་གསོ་ཞུ་བ་དང་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་།  ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་ནང་ཐོན་པའི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་ཏང་དོན་པ།  སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས་ཡོད།

ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱ་ཐབས་སྣ་ཚོགས་ཐོག་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་།  སྣང་རྫོང་དུང་དཀར་གྲོང་རྡལ་བཀྲ་ཤིས་ཐང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས།  དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམ་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ་དང་།  སྣང་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱལ་དར་བསྒྲེངས་བ་དང་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱེད་པ།  རིག་རྩལ་འཁྲབ་སྟོན་བྱེད་པ་བཅས་བརྒྱུད་ཏང་གི་རླབས་ཆེའི་བྱས་རྗེས་ལ་ཕྱིར་དྲན་བྱས་པ་དང་།  ཀོང་པོ་རྒྱ་མདའ་རྫོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་རྒན་ཡོལ་ཞུས་པའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ།  ངས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ལྟ་ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།  ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་མདུན་དུ་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་ཡོད།

སྤྱི་ཟླ ༦ པའི་ཚེས ༣༠ ཉིན།  ལྷ་ཉིང་ལྕགས་ལམ་སྐྲུན་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཀུང་སི་གསུམ་པའི་ལྷ་ཉིང་རྣམ་གྲངས་པུའི་ཏང་ཡོན ༡༥ ཡིས་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།  ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་ཅེས་པའི་ཁྱད་ལྡན་ཏང་གི་སློབ་ཚན་ཉན་པ་དང་།  ཏང་གི་སློབ་ཚན་མ་འཚོག་གོང་ཏང་ཡོན་ཡོངས་ཀྱིས་ཏང་དར་མདུན་དུ་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]