རང་ལྗོངས་ཀྱིས་ལྕགས་ལམ་བདེ་འཇགས་ངང་འཁོར་རྒྱུག་ཐུབ་པ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༢༩ ཉིན།  ལྗོངས་ཡོངས་ཀྱི་ལྕགས་ལམ་གྱི་བདེ་འཇགས་གནད་དོན་བཅོས་སྒྲིག་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྗོངས་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཧོ་ཝུན་ཧའོ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་ལྷག་པར་དུ་ལྕགས་ལམ་རྒྱུད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས།  དམ་པ་དོན་གཉེར་ངང་ལྕགས་ལམ་ཤར་གཏོང་དང་ཡོངས་སུ་བདེ་འཇགས་ཡོང་བ་བྱེད་དགོས་པ་དང་།  མཐུན་སྦྱོར་རོགས་རེས་དམ་ཟབ་བྱས་ནས་སྒྲིག་གཞི་མཉམ་འཛུགས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་དོ་དམ་ཚོད་འཛིན་ངང་འཕྲལ་སྡོམ་མཉམ་འགོག་ལས་ཀར་སྐུལ་འདེད་བཏང་སྟེ།  རྒྱུན་མཐུད་དང་བདེ་འཇགས་བརྟན་ལྷིང་བཅས་ཀྱི་ལྕགས་ལམ་འཁོར་རྒྱུག་གི་རྣམ་པ་ཧུར་ཐག་གཏོད་དེ།  ལྕགས་ལམ་གྱི་བདེ་འཇགས་གནད་དོན་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]