ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་༩༩འཁོར་བར་རྟེན་འབྲེལ་ཞུ་བའི་གཏམ་བཤད་འགྲན་བསྡུར་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བར་རྟེན་འབྲེལ་ཞུ་བའི་གཏམ་བཤད་འགྲན་བསྡུར་བྱེད་སྒོ་སྤེལ་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་དང་ང་ཕོད་འཇིགས་ཡོན།  བཀྲ་ཤིས་ཟླ་བ་བཅས་བྱེད་སྒོར་ཕེབས་ཡོད།
གཏམ་བཤད་འགྲན་བསྡུར་ནང་ཞུགས་མཁན་གྱི་ཀྲེ་པུའུ་ཁག་གི་འཐུས་མི ༡༣ ནས་རང་ངོས་ཀྱི་ལས་ཀ་དང་འཚོ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ།  ལྟ་ཕྱོགས་མི་འདྲ་བ་དང་བང་རིམ་མང་པོའི་ཐོག་ནས་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་དང་འགན་ནུས་སྒྲུབ་ཐབས།  ནུས་པ་མཐོར་གཏོང་སོགས་ཐད་ཀྱི་ལས་ཀ་དང་གྲུབ་འབྲས་མངོན་པར་བྱས་པ་དང་།  དུས་རབས་གསར་པའི་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ཡོངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་སྟེ།  འགན་སྒྲུབ་དོན་གཉེར་ཧུར་ཐག་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་འགྲན་བསྡུར་བལྟས་རྗེས།  ཚང་མས་ཐེངས་འདིའི་བྱེད་སྒོས་གོ་སྐབས་སུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  མི་དམངས་སྲིད་གྲོས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  བོད་ཀྱི་སྲིད་གྲོས་ཁོངས་གཏོགས་སུ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་མཐར་ཕྱིན་དང་གནད་འཕིགས་ཐུབ་པ་བྱེད་རྒྱུ་དང་མིག་དཔེ་གསུམ་གྱི་ལག་ལེན་པ་ཞིག་ཧུར་ཐག་བྱས་ཏེ།  ཏང་ལ་ལྷག་བསམ་ཟོལ་མེད་དང་བྱ་སྤྱོད་ངོ་མའི་ཐོག་ནས་དཔེ་བཟང་སྲིད་གྲོས་ལས་ཁུངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཚན་པ་གཏོད་རྒྱུའི་ལས་ཀར་སྐུལ་འདེད་གཏོང་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]