ལྷ་ས་འགག་སྒོས་རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ལྐོག་འཚོང་གྱོད་གཞིར་རྡུང་རྡེག་ནན་པོ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་ས་འགག་སྒོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆེད་དོན་བྱ་སྤྱོད་ཇུས་གཞི་བཟོས་པ་དང་།  ཆེད་དོན་བྱ་སྤྱོད་ཚོགས་ཆུང་བཙུགས་པ་དང་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོས་ཏེ།  རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ལྐོག་འཚོང་གྱོད་གཞིར་རྡུང་རྡེག་ནན་པོ་བཏང་ནས།  འགག་སྒོའི་སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ཐད་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་རེས་ཀྱི་ཆེད་དོན་བྱ་སྤྱོད་བརྒྱུད་རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ལྐོག་འཚོང་གྱོད་གཞིར་གཙོ་གནད་ཐོག་རྡུང་རྡེག་བཏང་བ་མ་ཟད།  རྒྱལ་མཚམས་འཛུལ་སྒྲོལ་གྱི་རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ལ་ཡང་ལྟ་སྡོམ་ནན་པོ་བྱས་ཡོད་ལ།  འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ཉོ་ཚོང་།  བསྡུ་འགྲེམས།  འཛད་སྤྱོད་བཅས་བྱེད་ཁུལ་གཙོ་བོ་སོགས་ལ་གཅིག་བསྡུས་ཐོག་བཅོས་སྒྲིག་ནུས་ལྡན་བྱས་པ་རེད།

ད་རེས་ཀྱི་ཆེད་དོན་བྱ་སྤྱོད་དེ་ནི་ལྷ་ས་འགག་སྒོས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད་སྤེལ་བའི་ཁྲིམས་འཛིན་མཉམ་འབྲེལ་བྱ་སྤྱོད་ཐེངས་དྲུག་པ་དེ་ཡིན་པ་དང་།  ཆེད་དོན་བྱ་སྤྱོད་སྤེལ་རིང་ཁྲོམ་རའི་ཐོག་རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་།  མཛོད་འཇུག  ཉོ་ཚོང་བཅས་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱ་རྒྱུ་རེད།  ཁྲིམས་འཛིན་པས་འགག་སྒོའི་གཏོགས་ཁོངས་ཀྱི་གཉེར་སྐྱོང་བྱེད་ཡུལ་དུ་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་ཁྲོམ་གཞུང་དང་ཚོང་ཁང་།  དུད་ཚང་བཅས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས།  རྒྱ་ཆེའི་མང་ཚོགས་ཚོས་རི་འཁྱར་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དང་།  ཉེན་ཁ་དབྱེ་ཞིབ་ནན་པོ་དང་ནད་ཡམས་བརྟག་དཔྱད་ཀྱི་ཆོག་འཐུས་ནན་པོ།  འགག་སྒོའི་ཞིབ་བཤེར་ནན་པོ།  ནད་ཡམས་འགོག་ཟོན་ནན་པོ་བཅས་བྱས་ཐོག་སྲོག་ཆགས་ཀྱི་ནད་ཡམས་དང་མི་ཕྱུགས་གཉིས་ཀར་འགོ་བའི་ནད་ཡམས་རྒྱལ་ནང་དུ་འགོས་ཁྱབ་ཡོང་གཏན་འགོག་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]