སློབ་གསོའི་ཁ་གཏད་བོད་སྐྱོར་བརྒྱུད་རང་ལྗོངས་ཀྱི་རིགས་ཁག་གི་སློབ་གསོའི་འཕེལ་ཁ་རྒྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།  སློབ་གསོ་པུའུ་སོགས་ཀྲུང་དབྱང་པུའུ་ཨུད་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར།  སློབ་ཆེན་སོགས་ཁ་གཏད་རོགས་སྐྱོར་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག  རང་ལྗོངས་ཀྱི་རིམ་ཁག་སློབ་གསོའི་བྱ་གཞག་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  ཞིང་ཆེན་དང་གྲོང་ཁྱེར ༡༧ དང་པུའུ་ཁོངས་གཏོགས་སློབ་ཆེན་གྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་གིས་སྔ་རྗེས་སུ་དགེ་རྒན ༡༦༧༦ བོད་དུ་སློབ་རོགས་ལ་འདེམས་མངག་བྱས་པ་དང་།  ལོ་ཤས་རིང་རོགས་སྐྱོར་དང་ལེན་སློབ་གྲྭ ༢༨ དུ་བོད་སྐྱོར་ཚོགས་པས་ཀུན་སྤྱོད་ལེགས་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུའི་རྩ་བའི་ལས་འགན་རྒྱུན་འཁྱོངས་ངང་ཁྲིད་སྟོན་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ཕྱོགས་ཡོངས་ནས་སློབ་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་བཏང་བས།  ལྗོངས་ཡོངས་ཀྱི་མཐོ་རིམ་དང་དམའ་རིམ་སློབ་འབྲིང་གི་རིག་ཚན་ཁག་གི་ཡིག་རྒྱུགས་ཀྱི་ཆ་སྙོམས་ཚད་གཞི་ལོན་ཚད་མཐོ་རུ་ཕྱིན་ཡོད།  དེ་དང་ཆབས་ཅིག་བོད་སྐྱོར་ཚོགས་པ་ཁག་གིས་ནང་སའི་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་སློབ་གསོ་སློབ་ཁྲིད་ཀྱི་བྱ་ཐབས་ལ་བརྟེན་ཏེ།  རོགས་སྐྱོར་དང་ལེན་སློབ་གྲྭར་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དོ་དམ་ལམ་ལུགས ༢༠༠ ལྷག་ཙམ་གསར་སྣོན་དང་ལེགས་སྒྲིག  འཐུས་ཚང་བཅས་བཟོ་རྒྱུའི་ནང་ཞུགས་ཡོད།  ཁག་གསར་པའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་ལེན་སློབ་གྲྭ་ཚང་མས་ལོ་གསུམ་གྱི་བོད་སྐྱོར་འཆར་འགོད་དང་ལས་ཀའི་ལོ་འཁོར་སྐུལ་འདེད་འཆར་གཞིའི་རེའུ་མིག་བཟོས་པ་དང་།  དམིགས་ཚད་ལས་ཐོ་བཟོས་ནས་ལག་བསྟར་ཐུབ་པ་དང་ཞིབ་བཤེར་རྩིས་ལེན་ཐུབ་པ།  རྒྱུན་མཐུད་ཐུབ་པ་བཅས་ཀྱི་དམིགས་ཚད་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭ་དོ་དམ་བྱས་ཡོད།

སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ཐོན་ཁུངས་རྫོང་དུ་ཁྱབ་པ་བྱ་ཆེད།  སྤྱི་ལོ ༢༠༡༨ ལོའི་ཟླ ༣ པ་ནས་བཟུང་བོད་ལྗོངས་དང་ཤིན་ཅང་ལ་རོགས་སྐྱོར་གྱི་དགེ་རྒན་ཁྲི་ཁ་ལོན་པའི་སློབ་རོགས་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དང་།  དགེ་རྒན་ཁྲི་ཁ་ལོན་པའི་སློབ་རོགས་འཆར་གཞི་དང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སློབ་གསོའི་དབར་ཕན་ཚུན་ཁ་གསབ་དང་འདེགས་སྐྱོར་ཐུབ་པ་བྱས་ཏེ།  ཁག་གཉིས་ཀྱི་བོད་སྐྱོད་སློབ་རོགས་དགེ་རྒན ༦༡༨ བཏང་བ་དང་།  རོགས་སྐྱོར་དང་ལེན་སློབ་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༢༤༩༠ བཏང་བ་མ་ཟད་རིན་ཐང་སྒོར་ཁྲི་ཚོ ༣༡༠ རི་བའི་དངོས་ཟོག་སྤྲད་དེ།  སློབ་གསོའི་བོད་སྐྱོར་དེ་དེ་སྔའི་གྲོང་ཁྱེར་དང་ཆུས་རིམ་པའི་སློབ་གྲྭ་ནས་རང་ལྗོངས་ཀྱི་རྫོང་༼ཆུས༽རིམ་པའི་སློབ་གྲྭ ༤༠ བར་སྣུར་སྲིང་བྱས་པ་དང་།  སློབ་གསོའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་རོགས་སྐྱོར་དང་ལེན་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

ཉེ་བའི་ལོའི་རིང་།  ཁ་གཏད་རོགས་སྐྱོར་སློབ་ཆེན་གྱི་རོགས་རམ་འོག་རང་ལྗོངས་ཀྱི་རོགས་སྐྱོར་དང་ལེན་སློབ་ཆེན་གྱིས་རིག་ཚན་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས།  ལྗོངས་ཁུལ་སློབ་ཆེན་དུ་ཁ་སྦུག་གསོ་རིག་ཆེད་ལས་བཙུགས་པ་དང་ཆབས་ཅིག  རིག་ཚན་ཆེད་ལས་འབོར་ཆེན་བཙུགས་ནས་རང་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་བཟོ་རིག་དང་གསོ་རིག་སོགས་ཁྱབ་ཁོངས་ཀྱི་རིག་ཚན་སྟོང་ཆ་བསྐངས་ཡོད།

བསྡོམས་རྩིས་ལ་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཁ་གཏད་རོགས་སྐྱོར་སློབ་ཆེན་གྱིས་བོད་སྐྱོར་ལས་བྱེད་དགེ་རྒན ༣༠༠ ལྷག་ཙམ་མངག་གཏོང་བྱས་པ་དང་ཆབས་ཅིག  རང་ལྗོངས་སློབ་ཆེན་གྱི་དགེ་རྒན་མི་ཐེངས ༤༠༠ ལྷག་ཙམ་ཁ་གཏད་རོགས་སྐྱོར་སློབ་ཆེན་ལ་གནས་སྦྱར་སྦྱོང་བརྡར་བྱེད་དུ་བཅུག་པས།  རང་ལྗོངས་སློབ་ཆེན་གྱི་དགེ་རྒན་དཔུང་ཁག་གི་ཡོན་ཚད་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]